e-texts navigator
Collection
Volume
Page
Wylie

201b1 མཚན་དང་། སོའི་ཐགས་བཟང་བའི་མཚན་དང་། སོ་མཉམ་པའི་མཚན་དང་ལྡན་པ་ཡིན་ནོ།། འདོད་པའི་ཁམས་ཀྱི་བྱམས་པསྒོམས་པས་དེའི་རྒྱུ་དེའི་རྐྱེན་གྱིས་སོ་དཀར་བའི་མཚོན་དང་ལྡན་པ་ཡིན་ནོ།། སློང་བ་མཐོང
201b2 ན་དགའ་བའི་སེམས་ཀྱིས་བསུ་བསྐྱལ་བྱས་པས་དེའི་རྒྱུ་དེའི་རྐྱེན་གྱིས་སེང་གེའི་འགྲམ་པ་ལྟ་བུའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ། ། སེམས་ཅན་ཐམས་ཅད་ལ་བུ་ཅིག་པ་བཞིན་དུ་འདྲ་བར་ལྟ་བས་དེའི་རྒྱུ་དེའི་རྐྱེན་གྱིས་རོ་དྲ
201b3 བའི་མཆོག་གི་མཚན་དང་ལྡན་པ་ཡིན་ནོ། ། སེམས་ཅན་ལ་བླ་ན་མེད་པའི་ཆོས་ཀྱི་རོ་རྟག་ཏུ་གཏོང་ཞིག་བརྗེད་ཅིང་མ་ངན་པ་ལ་ཡང་དྲན་པར་བྱ་སྟེ། བདག་ཀྱང་ཚུལ་ཁྲིམས་ལྔ་སྲུང་ལ་གཞན་ཡང་བསྲུང་བར་བསྒྲལ་ཞིང་བྱམ
201b4 པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་ཆེན་པོ་བྱས་ན་དེའི་རྒྱུ་དེའི་རྐྱེན་གྱིས་ཤའི་གཙུག་གཏོར་གྱི་མཚན་དང་ལྕེ་རིང་ཞིང་ཡངས་པའི་མཚན་དང་ལྡན་པ་ཡིན་ནོ། ། བདེན་པའི་ཚིག་དང་། ཆོས་ཀྱིས་དགའ་བའི་ཚིག་དང་མཉན
201b5 ངེས་པའི་ཚིག་སྤུ་རེ། དུས་མ་ཡིན་པའི་ཚིག་མི་སྨྲབས། དེའི་རྒྱུ་དེའི་རྐྱེན་གྱིས་ཚངས་པའི་སྒྲ་དབྱངས་དང་ལྡན་པ་ཡིན་ནོ།། སྙིང་རྗེའི་སེམས་བསྒོམས་པས་སེམས་ཅན་རྣམས་ལ་ཕ་མ་ལྟ་བུར་ལྟ་བས་དེའི་རྒྱུ་དེའི་རྟེན་གྱིས་མག
201b6 འཐོན་བཟིང་ལྟར་འདུག་པ་དང་། མིག་ཁྱུ་མཆོག་གི་རྒྱལ་པོ་ལྟ་བུའི་མཚན་དང་ལྡན་པ་ཡིན་ནོ།། ཡོན་ཏན་ལྡན་པའི་ལེགས་པ་མི་བཅབས་ཤིང་བསྟོད་ཅིང་བསྔགས་པས་དེའི་རྒྱུ་དེའི་རྐྱེན་གྱིས་མཛོད་བུ་དཀང་པོའི་མཚན
201b7 ལྡན་པ་ཡིན་ནོ། ། མཚན་སུམ་བཅུན་གཉིས་འདི་དག་གི་རྒྱུ་དང་རྐྱེན་ས་སོར་བཤད་མོད་ཀྱི་དའི་ཆུ་དེའི་རྐྱེན་ཡང་དག་པའི་ཚུལ་ཁྲིམས་དང་བརྩོན་འགྲུས་སོ།། དེ་ཙེ་ཕྱིར་ཞེན། གལ་ཏེ་ཚུལ་ཁྲིམས་མ་བསྲུངས།
201b8 འབྲས་མ་སྤྱད་ན་མིའི་ལུས་ཀྱང་ཐོབ་པར་མི་ནུས་ན་མཚན་སུམ་བཅུ་རྩ་གཉིས་ཐབ་པ་ལྔ་སྨོས་ཀྱང་ཅདགོས།། སྒྲ་གཙུག་ལྟར་མི་སྣང་བ་དང་། ཤའི་གཙུག་གཏོར་མཚན་གཉིས་ལ་ཐ་དད་པ་མད་དོ།། གཞན་ཡང་ནི་བྱེད




iiif viewer powered by OpenSeadragon

201a - 202a

Texts on this page

Q1022 - thabs mkhas pa chen po sangs rgyas drin lan bsab pa'i mdo