| | e-texts navigator
|
283a1 བར་བྱ་བ་དང་། ཁརས་ལ་ཐོགས་ནས་དགེ་འདུན་གྱི་ནང་དུ་འཇུག་པར་མི་བྷ་བ་དང་། དྲ་མོལ་ཕན་ཆད་ཁར་སི་ལ་ཐོགས་ནས་འགྲོ་བར་མ་བྱ་བ་དང་། ཕྲག་པ་གཉིས་ལ་བཀལ་ཏ་མགོ་ག་ཉིས་ལ་དབྱུང་བར་མི་དྱ
283a2 བ་དང་། ཕྲག་པས་བཀུར་བར་མི་བྱ་བ་དང་། ལག་པས་དཀྱོག་པར་མི་བྱ་བ་དང་། ཁ་ར་སིལ་ཐོགས་ནས་བཤད་ཅིའི་སར་འགྲོ་བར་མི་བྱ་བ་དང་། མཁན་པོ་དང་སློབ་དཔོན་ཁར་སིལ་ཐོགས་ཏེ་འགྲོ་བའི་རྗེས་བཞིན་དུ་འགྲོ་བར་མི་བྱ་བ
283a3 དང་། གང་ཟག་བཞི་ཡིན་ཆོད་ཁར་སིལ་ཐོགས་ཏེ། འགྲོ་བའི་རྗེས་ནས་ཁར་སིལ་ཐོགས་ཏེ་འགྲོ་བར་མི་བྱ་བ་དང་། ཡོན་བདག་གི་ཁྱིམ་དུ་ཕྱིན་ན་ཁང་སིལ་ལུས་དང་བྲལ་བར་མི་བྱ་བ་དང་། ཡོན་བདག་གི་སྒོར་ཕྱིན་པ་དང་ལན
283a4 གསུམ་གྱི་བར་དུ་དཀྲོལ་བར་བྱའོ། ། གལ་ཏ་མ་འོད་ན་ལན་ལྔའི་བར་བྱའོ།། ལན་ལྔའི་བར་དུ་དཀྲོལ་ཏེ་མ་འོངས་ན་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ།། ལན་བདུན་གྱི་བར་དུ་དཀྲོལ་ཏེ་མ་འོངས་ན་ཁྱིམ་གཞན་དུ་དཀྲོལ་བར་བྱ་བ་དང་།
283a5 བདག་ཕྱིར་ཕྱུང་ན་ཁར་སིལ་ལག་པ་གཡས་པ་ལ་བསྙེས་ཏེ་བཞག་པར་བྱ་བ་དང་། གནས་ཁང་ན་བཞག་པའི་ཚེས་ལ་རེག་པར་མི་བྱ་བ་དང་།། རྟག་ཏུ་གར་ཉལ་བའི་ཁྲིའི་དྲུང་དུ་ཉེ་བར་བཞག་པར་བྱ་བ་དང་། སྐབས
283a6 སྐབས་སུ་ཕྱི་བདར་བྱ་བ་དང་། ཁང་སིལ་གྱི་མགོ་ཡ་ཡོ་མེད་པར་བྱ་བ་དང་། བསོད་སྙོམས་ལ་འགྲོ་བའི་ཚེ་དགེ་ཚུལ་ལམ་ཁྱིམ་པ་ལས་བྲལ་བར་མི་བྱ་བ་དང་། ནད་པའི་སར་མཚན་མོ་གནས་ན་ཁར་སིལ་བཀུར་བར
283a7 བྱ་བ་དང་། ལམ་རིང་པོར་སྐྱལ་དུ་འགྲོ་ན་ཁར་སིལ་བཀུར་བར་བྱ་བ་དང་། ལམ་རིང་པོ་ནས་འགྲོན་དུ་གཉེར་བ་ཡོད་དེ། དེར་འགྲོ་ཞིང་འདུག་དགོས་པར་གྱུར་ན། ཁར་སིལ་བཀུར་བར་བྱ་བ་དང་། གཤེད་དུ་འགྲོ་དགོས
283a8 པར་འགྱུར་ན་ཁར་སིལ་བཀུར་བར་བྱ་བ་དང་། བདག་གི་དྲུང་དུ་བསྙེན་པར་བྱ་བའི་ཕྱིར་གཞན་ལ་རེག་བཅིངས་ལ་རི་མོ་བྲི་བར་བྱའོ།། ཁར་སིལ་འཆད་པའི་ཀུན་དུ་སྤྱོད་པའི་ཆོ་ག་རྫོགས་སྷོ།། །
iiif viewer powered by OpenSeadragon
282b - 283b