e-texts navigator
Collection
Volume
Page
Wylie

282b1 བདེན་པ་གཉིས་པོ་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་རྗེས་སུ་དྲན་པར་བྱ་བའི་ཚད་དུ་དོན་འདི་རྣམ་པར་གཞག་པ་ཡིད་དོ།། དེའི་ཚ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནམ་དང
282b2 ལྡན་པ་འོད་སྲུང་ཆེན་པོ་འཁོར་སྟོང་ཉིས་བརྒྱ་དང་། འཁོར་འདུས་པ་ཆེན་པོ་རྣམས་ཤིན་དུ་དགའ་ཞིང་གུས་པས་མདོན་པར་བསྟོད་དོ།། འཕགས་པ་ཁང་སིལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། བར་མིལ་འཆད་པའི་ཀུན་ཏུ་སྤྱོད་པའི
282b3 བར་ལེད་པར་འདོད་པས། བཙུན་པ་གཅིག་གི་དྲུང་དུ་བྱས་མོ་བཙུགས་ཏེ་འདི་སྐད་དུ་བྱའོ།། བཙུན་པ་དགོངས་སུ་གསོ།། བདག་མིང་འདི་ཞེས་བགྱི་བ་དང་བཙུན་པ་ལས་ཁར་སེལ་འཆད་པའི་སློབ་དཔོན་དུ་གསོལ་ལོ་ཞེས་ལན
282b4 གསུམ་དུ་བཟླས་པར་བྱའོ། ། དེས་ཀྱང་འདི་སྐད་དུ་གོངས་ཤིག། ཚེ་དང་ལྡན་པ་ཁྱོད་ཐ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནམ་ཁར་མི་ལ་ཡང་དག་བླངས་ཏེ་ཆོས་བཞིན་དུ་སྤྱོད་པར་བྱེད་དམ། ལག་པ་ཡོངས་སུ་མི་གཙང་ཡང་བཅུ་ང་མི་ནྱ
282b5 དགེ་འདུན་གྱི་གནས་སུ་འཇུག་པའི་ཚེ་མགོ་དང་མ་རྩེ་དབྱུང་བར་བྱས་ལ་བཞག་པར་མི་བྱ། ། གལ་ཏེ་ཁྱིམ་པའི་ཁྱིམ་དུ་འཇུག་ན་མ་རྩེ་རྒྱབ་ལོགས་སུ་བསྟན་པར་བྱ།། གལ་ཏེ་སྔ་དྲོ་ཁྱིམ་པའི་ཁྱིམ་དུ་བསོད་སྙོམས་ལ་འགྲོ་དགོས་པའི
282b6 རྐྱེན་ཚོགས་བྱུང་ན་ཁར་སིལ་ལན་གསུམ་དུ་དཀྲོལ་བར་བྱའོ། ། ལན་གསུམ་དུ་དཀྲོལ་ཏེ་མ་འོངས་ན་ལན་ལྔའི་བར་དུ་དཀྲོལ་བར་བྱའོ།། ལན་ལྔའི་བར་དུ་དཀྲོལ་ཏེ་མ་འོངས་ན་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ།། ལན་བདུན་གྱི་བར་དུ
282b7 དཀྲོལ་ཏེ་མ་འོངས་ན་ཁྱིམ་གཞན་དུ་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ། ། ཁྱིམ་བདུན་གྱི་བར་དུ་ཕྱིན་ཏེ་ཆོག་པར་གྱུར་ན་ཡང་དེར་ཟས་ཀྱི་བྱ་བ་བྱའོ།། ཞེས་ལན་གསུམ་གྱི་བར་དུ་བཟླས་པར་བྱའོ།། ཁར་སེལ་བཅང་བའི་ཆོས་ནི་ཉི་ཤུ
282b8 རྩ་ལྔ་ཡོད་དེ། ས་ལ་སྤྲུལ་ཡོད་པ་བསྲུང་བའི་ཕྱིར་བཅད་པར་བྱ་བ་དང་། རྒས་པའི་ཕྱིར་བཅད་པར་བྱ་བ་དང་། བསོད་སྙོམས་སྤྱོད་པའི་ཕྱིར་བཅད་པར་བྱ་བ་དང་། འབྱུང་ཞིང་འཇུག་པ་ན་ཡང་སྐུ་གཟུགས་མཐོང་བའི་ཚེ་སྒྲ་འཐུང




iiif viewer powered by OpenSeadragon

282a - 283a

Texts on this page

Q1001 - 'phags pa 'khar gsil gyi mdo
Q1002 - 'khar gsil 'chang ba'i kun tu spyod pa'i cho ga