| | e-texts navigator
|
276a1 ལས་དགོངས་ནས་ལྷའི་བདེ་བ་ལ་བརྟན་ན་མོའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ། ། གནས་འཇོག་གང་མི་རྣམས་ཀྱི་ལོ་ཁྲི་དྲུག་སྟོང་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག
276a2 སྟེ་ཉིན་ཞག་གི་ཚད་ནི་དེའི་ཞག་བཅོ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ལོ་རབརྩིས་པའི་ཚུལ་དེས་ལྷའི་ལོ་ཁྲི་དྲུང་སྟོང་ཡོད་པ་གང་ཡིན་པ་དེ་ནི་གཞན་འཕྲུལ་དབང
276a3 བྱེད་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་ཡིན་ནོ། ། མིའི་ཚུལ་གྱིས་བརྩིས་ན་ལོ་བྱེ་བ་ཕྲག་དགུ་བརྒྱ་ཉི་ཤུ་རྩ་གཅིག་དང་། ལོ་བརྒྱ་ཕྲག་སྟོང་དྲུག་བཅུ་ཡོད་དེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་འཕགས་པའི་ཡན་ལག།
276a4 བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་གཅིག་གནས་པ་ནི་ལུས་དང་བྲལ་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལས་དགོངས་ནས་ལྷའི་བདེ་བ་ལ
276a5 བརྟེན་ན། མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏེ། གནས་འཛག་ཁྱོད་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་གྱིས་ཤིག། ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གྱིས་སྒྲུབས་ཤིངག་ལྷ་དང
276a6 མི་རྣམས་ཀྱི་འདོད་པ་ལ་ཡང་སྤྱད་པར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་གནས་འཇོག་གིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གཽ་ཏམ་བདག་གིས་ནི་ཡུན་རིང་པོ་ཞག་ནས་དགུང་ཟླ་རེ་རེར་དཀའ་ཐུབ་ཟག་པོ་བྷྱོ
276a7 བགྱིས་པ་ནི་བདག་གིས་ཅི་ཡང་མ་རྙེད་དེ། བདག་ནི་དེང་སླན་ཆད་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ།། མཐུ་ཇི་ལྟ་བ་དང་སྟོབས་ཅི་མཆིས་པས་འཕགས་པའི་ཡན་ལག་བརྒྱ་དང་ལྡན་པའི་བསྙེན
276a8 གནས་ལ་གནས་པར་བགྱི་ཞིང་སྦྱིན་པ་ཡང་སྩལ་བར་བགྱིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་འདི་ནི་ལེགས་པ་ཡིན་ཏེ།། ཁྱེད་ཀྱི་བྱ་བ་ནི་དེ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བམ
iiif viewer powered by OpenSeadragon
275b - 276b