| | e-texts navigator
|
275b1 རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་གཅིག་གནས་པ་ནི་ལུས་དང་བྲལ་ནས་འཐབ་བྲལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན
275b2 ཏེ་གནས་འཇོག་ངས་འདི་ལས་དགོངས་ནས་ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏོ། ། གནས་འཇོག་གང་མི་རྣམས་ཀྱི་ལོ་བཞི་པརྒྱལ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉན་ཞག་གི
275b3 གཅིགག་ཚད་དེའི་ཞག་བཅཝ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཇི་ལྟར་ལོར་བརྩིས་པའི་ཚུལ་གྱིས་ལྷའི་ལོ་བཞི་སྟོང་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚའི་ཚད་ཡན
275b4 ནོ། ། མིའི་ཚུལ་གྱིས་བརྩིས་ན་ལ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་། ལོ་བརྒྱ་ཕྲག་སྟོང་དྲུག་བཅུ་ཡོད་དེ། གནས་འཇོག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དང་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ
275b5 ལན་གཅིག་གནས་པ་ནི་ལུས་དང་བྲལ་ན་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་དུ་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལས་དགོངས་ནས་ལྷའི་བདེ་བ་ལ་བརྟན་ན་མིའི་རྒྱལ་སྲེད་དམན་ནོ་ཞེས་བཀའ་སྩལ་ཏེ།
275b6 གནས་འཇོག་གང་མ་རྣམས་ཀྱི་ལོ་བརྒྱད་བརྒྱལ་འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅཝ་ལྔ་ལ་ཟླ་བ་ཕྱེད།། ཞག་སུམ་བཅཝ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ལོར་བ
275b7 བའི་ཚུལ་དེས་ལྷའི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ་ནི་འཕྲུལ་དགའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། ། མིའི་ཚུལ་གྱིས་བརྩིས་ན་ལོ་བྱེ་བ་ཕྲག་ཉིས་སྟོང་སུམ་བརྒྱ་དང་ལོ་བརྒྱ་ཕྲག་སྟོང་བཞི་བཅུ་ཡོད་དོ།། རིགས་ཀྱི་བུའམ་རིགས་ཀྱི
275b8 བུ་མོ་གང་དང་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་པའི་བསྙེན་གནས་ལ་ལན་གཅིག་གནས་པ་ནི་ལུས་དང་བྲལ་ན་འཕྲུལ་དགའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཛེག་ངས་འདི
iiif viewer powered by OpenSeadragon
275a - 276a