| | e-texts navigator
|
275a1 ཞག་སུམ་བཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚུལ་དེས་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ།། མེའི་ཚུལ་གྱིས་བརྩིས་ན་ལ
275a2 བརྒྱ་ཕྲག་དགུ་སྟོང་ཡོད་དེ། གནས་འཇོག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ནི་ལུས་དང་བྲལ་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ
275a3 རྣམས་དང་བསྐལ་པ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལས་དགོངས་ནས་ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ཞེས་བཀའ་སྩལ་ཏེ།། མི་རྣམས་ཀྱི་ལོ་བརྒྱལ་སུམ་བཅུ་རྩ་གསུམ་པ་རྣམས
275a4 ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅཝ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚུལ་དེས་བརྩིས་པའི་ལྷའི་ལོ་སྟོང་གང་ཡིན་པ་དེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས
275a5 ཀྱི་ཚེའི་ཚད་ཡིན་ནོ། ། མི་ཚུལ་གྱིས་བརྩིས་ན་ལོ་བྱེ་བ་ཕྲག་གསུམ་དང་། ལོ་བརྒྱ་ཕྲག་སྟོང་དྲུག་བཅུ་ཡོད་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ
275a6 ལན་གཅིག་གནས་པ་ནི་ལུས་དང་བྲལ་ན་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་དེ་ནི་གནས་ཡིན་ཏེ། གནས་འཇོག་ངས་འདི་ལ་དགོངས་ནས་ལྷའི་བདེ་བ་ལ་བརྟེན་ན་མིའི་རྒྱལ་སྲིད་དམན་ནོ་ཞེས
275a7 བཀའ་སྩལ་ཏོ། ། གནས་འཇོག་གར་མི་རྣམས་ཀྱིལ་ཉིས་བརྒྱལ་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་འད་ཞག་བཅཝ་ལྔ་ལ་ཟླབ་བྱེད། ཞག་སུམ་བཅུལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་མ
275a8 གཅིགསྟེ། ཚུལ་དེས་བཅས་པའི་མཉིས་སྟོང་གང་ཡིན་པ་དོན་འབབ་བྲལ་གྱི་ལྷ་རྣམས་ཀྱི་ཆེལ་ཆད་ཡིན་ན།། མིའི་ཆུས་ཀྱིས་བགྱིས་ན་ལ་བྱེ་བ་ཟག་བཅཝ་བན་དང་། ལ་སྟོང་ཕྲག་བཅུ་ཅན་ཡོད་དེ། རགས་ཀྱི་ཟའམ།
iiif viewer powered by OpenSeadragon
274b - 275b