e-texts navigator
Collection
Volume
Page
Wylie

274b1 བར་དུ་འདི་ལྟ་སྟེ་ཡུལ་ཆེན་པོ་བཅུ་དྲུག་ལ། ཨ་ག་དང་། མག་དྷ་དང་། ཀ་ས་ལ་དང་། ཀྵ་ཀ་དང་། བྲརྡེ་དང་། མལ་དང་། པུན་ཏ་དང་། སྲེག་པ་དང་། ཀཱ་མྦྷ་དང་། ཨུ་བན་ཏི་དང་། ཀུར་དང་། ལྔལ་དང་། བདས་དང་། དང་།
274b2 སྡེ་དང་། ཡ་བན་དང་། ཀམ་པོ་རྣམས་སུ་འདི་ལྟ་སྟེ། རིན་པོ་ཆེ་རྡོ་རྗེ་དང་། མར་ག་དང་། པད་མ་དྲུག་དང་། ཨན་ད་དྷིལ་དང་། མཐོན་གཚན་པོ་དང་། ནོར་བུ་དང་། མེ་ཏིག་དང་། བཻ་དཱུརྱ་དང་། ཤང་ཀ་ཤི་ལ་དང་། བྱི་དྲ་དང་། དངུལ་དང་ས
274b3 སྦམ་དང་། རྡོའི་སྙིང་པོ་དང་། སྡུག་དང་མུ་ཏེག་དཔར་པ་དང་། དུང་གཡས་སུ་འཁྱིལ་བ་རྣམས་བརྩོན་འགྲུས་ཀྱི་སྟོབས་ཀྱིས་བསྐྱེད་རྡུལ་ཅིང་དྲི་མཆགས་ཆགས་སུ་ལགས་ས་བསྒྲུབས་སེཾས་དང་ལྡན་ད་ཆོས་ཀྱིས་ཐོབ་པ་དེ་དག
274b4 དདང་ཡོ་བྱད་དང་ཆོས་གོས་དང་ཟས་དང་། མལ་ཆ་དང་ནད་ཀྱི་རྐྱེན་གྱི་གསོས་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་པ་པས་གང་གཉིས་པས་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པ་ལ་ལྡམ
274b5 སྤྱན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེས་ནི་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ལས་བྱང་བའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཉེ་བར་མེ་འགྲོ། སྟོང་གི་ཆ་དང་བརྒྱ་སྟོང་གི་ཆ་དང་། གྲངས་དང་ཆེ་དང
274b6 བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོ་སྟེ། གནས་འཇོག་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ནི་དེ་ལྟར་འབྲས་བུ་ཆེ་བ་ཡིན། དེ་ལྟར་ཕན་ཡོན་ཆེ་བ་ཡིན།། དེ་ལྟར་མཐུ་ཆེ་བ་ཡིན། དེ་ལྟར་རྒྱ་ཆེ་བ་ཡིན
274b7 ནོ། ། གནས་འཇོག་ཁྱོདའི་ཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་གྱིས་ཤིག། ཆོ་འཕྲུལ་གྱི་ཕྱོགས་ལ་ཡང་ནན་ཏན་གྱིས་སྦུབས་ཤིག། ལྷ་དང་མི་རྣམས་ཀྱི་འདོད་པ་ལ་ཡང་སྤྱད་པར
274b8 གྱིས་ཤིག། གནས་འཇོག་འོན་ཀྱང་ལྷའི་བདེ་བ་ལ་བརྟེན་ན། མིའི་རྒྱལ་སྲིད་དམན་ཏེ། གང་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་གི་ཚད་དེའི་ཞག་བཅཝ་ལྔ་ལ་ཟླ་བ་བྱེད།




iiif viewer powered by OpenSeadragon

274a - 275a

Texts on this page

Q999 - 'phags pa gnas 'jog pa'i mdo zhes bya ba