| | e-texts navigator
|
274a1 གང་ཤིག་གང་གི་ན། ཐབས་ལ་མཁས་པ་གང་གིས་རྒྱ་མམཚན་པའི་ཆུའད་ཙམ་སྟེ། ཆུའམཆུ་བུམ་པ་བརྒྱའམ་ཆུབུམ་པ་སྟོང་དམ། ཆུ་བུམ་པ་བརྒྱ་སྟོང་ཞེས་ཚད་གཟུང་བར་ནུས་པ་ཡོང་སྲད་ཀྱི། གང་འཕགས
274a2 པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ལན་ཅིག་གནས་པའི་བསོད་ནམས་འདི་ཙམ་ཞེས་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུའི་རྣམ་པར་སྨིན་པའི་ཚད་གཟུང་བར་མི་ནུས་ཏེ། འོན
274a3 ཀྱང་བསོད་ནམས་མ་ཤིང་བསོད་ནམས་ཀྱི་ཕུང་པོ་ཆེའོ། ། ཞེས་བྱ་བའི་གྲངས་སུ་འགྲོའོ། གནས་འཇོག་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ནི་དེ་ལྟར་འབྲས་བུ་ཆེ་བ་ཡིན།། དེ་ལྟར་པན་ཡོན་ཆ་བ་ཡིན་དེ་ལྟར་མཧཱ
274a4 ཆེ་བ་ཡིན། དེ་ལྟར་རྒྱ་ཆེ་བ་ཡིན་ནོ།། གནས་འཇོག་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་པར་གྱིས་ཤིག། ཆོ་འཕྲུལ་གྱི་ཕྱོགས་ཡང་ནན་ཏན་གྱིས་སྦུབས་ཤིག། ལྷ་དང་མི་རྣམས་ཀྱི་འདོད་པ
274a5 ལ་ཡང་སྤྱད་པར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་གནས་འཇོག་གིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གཽ་ཏ་མ་འདི་ལ་སྐྱེས་བུ་གཉིས་ཤིག་ལས་དེ་གཅིག་གིས་ཇི་སྲིད་འཚེའི་བར་དུ་སྦྱིན་པ་སྩལ་བ་དང་གཉིས་པས
274a6 ཀྱང་ཇི་སྲིད་འཆའ་བར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་པ་དེ་གཉིས་ལ་གནས་པ་དེ་གཉིས་ལས་བཅོམ་ལྡན་འདས་ཁྱད་པར་གང་ཆེ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་འདི
274a7 ལ་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་དང་། སྦྱིན་པ་གཉིས་མཉམ་པ་མ་ཡིན་ཏེ། གནས་འཇིག་དཔེར་ན་གང་འཛམ་ཐུ་ཐ~ཾ་འདིར་དགྲ་བཅོམ་པ་ཟག་པཟད་པ་བྱ་བ་བྱས་པ། བྱེད་པ་བྱས་པ། ལུང་བར་དག།
274a8 བདག་གི་དོན་རྗེས་སུ་ཐོབ་པ། སྲེད་པར་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་རྣམས་ཀྱིས་གང་བར་གྱུར་པ་དེ་དག་ལ་གང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཅིག་གིས་དེ་སྲད
iiif viewer powered by OpenSeadragon
273b - 274b