e-texts navigator
Collection
Volume
Page
Wylie

273a1 ད་རན་སྲོག་ཆགས་ཕྲ་མོ་གྲོག་སྐུར་ཡན་ཆད་ཀྱི་སྲོག་གཅོད་པ་ཡང་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་ཆེ་གེ་མོ་ཡང་དུས་འདི་ནས་བཟུང་སྟེ་དོ་ནུབ་ཀྱི་མཚན་མོ་འདི་དང་སང་ཉམ་ཤར་གྱི
273a2 དུ་སྲོག་གཅོད་པ་སྤང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ་ངོ་ཚ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པར་བགྱིས་ལ་སེམས་ཅན་དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུན་སྲོག་ཆགས་པ་མོ
273a3 གྲོག་སྤུར་ཡན་ཆད་ཀྱི་སྲོག་གཅོད་པ་ཡང་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། ། ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ།། རྗེས་སུ་སྒྲུབ་པོ།། རྗེས་སུ་བགྱིད་དོ།། ཇི་ལྟར
273a4 སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་རོལ་མོའི་སྒྲ་དང་། ཕྲེང་བ
273a5 དང་། སྤོས་ཉུག་པ་དང་། རྒྱན་དང་། ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་།། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ།། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་ཇི་སྲིད
273a6 འཚོའི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ། དུས་མ་ཡིན་པའི་ཁ་ཟས་ལས་སླར་ལོག་པ་དེ་བཞིན་དུ་བདག་ཆེ་གེ་མོ་ཡང་རུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་། སང་ཉི་མ་ཤར་གྱི་བར་དུ་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ།
273a7 དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་པར་བགྱིའོ།། ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ།། རྗེས་སུ་སྒྲུབ་བོ།། རྗེས་སུ་བགྱིད་དོ།། དེ་ལྟར་ལན་གཉིས། དེ་ལྟར་ལན་གསུམ་དུའོ།། ནས
273a8 འཇོག་འདི་ནི་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་བརྙན་གནས་ཡིན་ཏེ། ། དེ་ལྟར་འཕགས་པའི་ཡན་གརྒྱད་དང་ལྡན་བཱི་བསྙེན་གནས་ལ་གནས་པ་ནི་ལྷ་དང་མིའི་འདོད་པ་ལ་ཉེ་བར་སྤྱོད་པར་འགྱུར་ཏེ། གནས་འཇོག་འདི་ནི་འཕགས་པའི




iiif viewer powered by OpenSeadragon

272b - 273b

Texts on this page

Q999 - 'phags pa gnas 'jog pa'i mdo zhes bya ba