e-texts navigator
Collection
Volume
Page
Wylie

272b1 ལགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་དྲང་སྲོང་གནས་འཇོག་ལ་སྨྲས་པ། གནས་འཇོག་ཁྱོད་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་ཤིང་ཚེ་འབྲས་རྒྱ་བྱཿ
272b2 ལ་ཡང་ནན་ཏན་གྱིས་སྒྲུབ་པས། གནས་འཛག་གིས་གསལ་པ། ཀྱོ་གཽ་ཏ་མ་གང་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པ་དང་། ཚ་འཕྲུལ་གྱི་ཕྱོགས་མནན་ཏན་གྱིས་སྒྲུབ་པ་དོ་ཅར་འགྱུརམ
272b3 ལྡན་འདས་ཀྱིས་བཀའ་བྱས་པ། བྲམ་ཟེའི་སེད་ལྷ་མི་རྣམས་ཀྱི་འདོད་པ་ལ་སྤྱོད་པར་འགྱུར་རོ།། གནས་འཛག་གིས་གསལ་པ། གཽ་ཏམ་འཕགས་པའི་ལམ་ཡན་ལག་བཏུང་དང་ལྡན་པའི་བསྙེན་གནས་ཤེས་པའི་བ་གངལས
272b4 གོ་ཏ་མ་ཇི་ལྟར་ན་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པ་ལ་བསྙེན་པས་ལྔ་དང་མི་རྣམས་ཀྱི་འདོད་པ་ལ་ཉེ་བར་སྤྱོད་པར་འགྱུར། ། གནས་འཇོག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དང་པདང་ལྡན་པ་འཕགས་པའི་ཡན་ལག་བརྒྱད་དང
272b5 ལྡན་པའི་བསྙེན་གནས་ལ་གནས་པར་འདོད་པས་ནད་པར་ལངས་ནས་དགེ་སློང་དམ། བྲམ་ཟེ་འམ། གཞན་གང་ཡང་རུང་བ་ཤེས་པ་ཞིག་གི་དྲུང་དུ་སོང་སྟེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ། བཙུགས་ཏེ་ཐལ
272b6 མོ་སྦྱར་ནས་ཚིག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་མིང་ཆེ་གེ་མོ་ཞེས་བགྱི་བ་འདི་དུས་འདི་ནས་བཟུང་སྟེ། གང་དོ་ནུབ་ཀྱི་མཚན་མོ་འདི་དང་སང་ཉི་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤང་ཞིང་སྲོག་གཅོད་པ་ལས་སླར་ལོག་སྟེ། དབྱུག་པ་སྤངས
272b7 ཤིང་མཚོན་ཆ་སྤངས་ཏེ་ངོ་ཚ་དང་ལྡན་ཞིང་སྙིང་རྗེ་དང་ལྡན་པར་བགྱིས་ལ་སེམས་ཅན་དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང་ངུ་ན་སྲོག་ཆགས་ཕྲ་མོ་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག
272b8 པར་བཅིའོ། ། ཇི་གར་འཕགས་པ་དགྲ་བཅོམ་པ་དེ་དག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་ནས། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ་སེམས་ཅན་དང་སྲོག་ཆགས་འབྱུང་པོ་ཐམས་ཅད་ལས་ཆུང




iiif viewer powered by OpenSeadragon

272a - 273a

Texts on this page

Q999 - 'phags pa gnas 'jog pa'i mdo zhes bya ba