| | e-texts navigator
|
270a1 ཉི་མ་གཅིག་ཅིག་སྲོག་གཅོད་པ་སྤོང་ཞིང་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན་དེ་མཚོན་གྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། ། གང་ཞིག་གིས་ཨ་རྦ་ར་གཅིག་ཙམ་ཡང་དགེ་འདུན་ལ་དབུལ་བར་བྱེད་ན
270a2 དེ་ནད་ཀྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། ། གང་ཞིག་གིས་ཟས་ནལ་ཅེ་གང་ཙམ་དགེ་འདུན་ལ་ཟུལ་ན་དེ་མུ་གོའི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ།། ཀུན་དགའ་བོ་དགེ་བའི་རྩ་བ་གསུམ་པོ་འདི་དག་བསྐྱེད་པ་ནི་འཁོར
270a3 བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་བྱེད་པ་ཡིན་ནོ། ། གསུམ་པོ་གང་དག་ཅེ་ན། ཀུན་དགའ་བོ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བ
270a4 ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། ། ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་དགེ་འདུན་ལ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས
270a5 སུ་གཏུགས་པར་མི་འགྱུར་ལ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་བསྟན་པའི་ཕྱིར་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས
270a6 འཛམ་བུའི་གླིང་གི་གླིང་མཐོང་ངམ། ཀྱེ་བཙུན་པ་མཐོང་ལགས་སོ།། ཀུན་དགའ་བོ་འཛམ་བུའི་གླིང་གི་གླིང་ནི་ཞིང་དུ་ནི་དཔག་ཚད་བདུན་སྟོང་། ཆུར་ཡང་དཔག་ཚད་བདུན་སྟོང་སྟེ། བྱང་གི་ཞེང་ནི་ཆེ་ལྷོའི་ནི་ཤིང་རྟའི་དབྱིབས་སོ།།
270a7 དེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམ་དང་།
270a8 ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་པ་དང་། གང་ཞིག་དེ་བཞིན་གཤེགས་པ་དགྲ་བཙམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་ཀྱུ་རུ་ར་ཙམ།
iiif viewer powered by OpenSeadragon
269b - 270b