| | e-texts navigator
|
263a1 འདི་ལྟར་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། ། ད་ཅང་གུས་པར་བྱས་ཏེ་ངག་ལག་པ་ནས་དུས་སུ་གནད་པ་མེད་པར་མབས་བསྦྱིན་པབྱེད།། སྦྱིན་པ་ཎྱ་བ་དང་ཆེན་པོ་འདི
263a2 ཕྱིན་ནས། ། ཀུན་བགེད་བྱེད་པ་དེ་ནི་བཟང་འགྲོར་འགྲོ་བ་ཡིན།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས
263a3 པ་སྐྱེས་བུ་དམ་པའི་མདོ་རྫོགས་སྷོ། ། ། རྒྱ་གར་གྱི་མཁན་པོ་དྷ་མཱ་ཀར་དང་ལོ་ཙྪ་བ་བན་དེ་བཟང་སྐྱོད་ཀྱིས་བསྒྱུར།། བན་དེ་དཔལ་བརྩེགས་ཀྱིས་ཆེན་གྱིས། 6། རྒྱ་གར་སྐད་དུ། ནན་པྲ་པྲཛཱ་སཱུ་ཏྲ་བོད་སྐད་དུ།
263a4 དགའ་བོ་རབ་ཏུ་བྱུང་བའི་མདོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་བཅོམ
263a5 ལྡན་འདས་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བསྣམས་ཏེ། ལྷུང་ཟེད་བསྣམས་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། སེར་སྐྱའི་གནས་སུ་བསོད་སྙོམས་ལ་གཤེགས་སོ།། དེ་ནས་བཅོམ
263a6 ལྡན་འདས་རིགས་ཀྱི་བུ་དགའ་བོའི་ཁྱིམ་ག་ལ་བ་དེར་གཤེགས་པ་དང་། རིགས་ཀྱི་བུ་དགའ་བོས་བཅོམ་ལྡན་འདས་རྒྱང་རིང་པོ་ནས་གཤེགས་པ་མཐོང་དོ།། མཐོང་ནས་ཀྱང་རིངས་པ་རིངས་པར་བཅོམ་ལྡན་འདས
263a7 ཀྱི་ཆེད་དུ་གདན་བཤམས་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཚུར་གཤེགས། བཅོམ་ལྡན་འདས་གཤེགས་པ་ལེགསས་སོ།། བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ།། བཅོམ་ལྡན
263a8 འདས་བཞུགས་སོ། ། དེ་ནས་རིགས་ཀྱི་བུ་དགའ་བོ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དགའ་བོ་ལ་འདི་སྐད་ཅེས་བཀའ
iiif viewer powered by OpenSeadragon
262b - 263b