e-texts navigator
Collection
Volume
Page
Wylie

261a1 བསང་བྱས་ཤིང་། ། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་།། མི་བཟད་པ་ཡི་སྟག་བསད་པ།། སྡིག་མེང་གང་ཡིན་བྲམ་ཟེ་ཡིན།། གང་ཞིག་ཟམ་ཟེ་རྡེག་པ་ཟུན།། སྨོད་པར་བྱེད་པ་དེ་ངན་པས།། བྲམ་ཟེ་རྣམས་ལ་བཏེག་མི
261a2 བྱ། ། བྲམ་ཟེ་སྐྲད་པར་མི་བྱའོ།། གང་ཞིག་ཆོས་རྣམས་རྣམ་ཤེས་ན།། རྒན་ནམ་ཡང་ན་གཞོན་ཡང་རུང་།། དེ་ལ་བཀུར་ཤིང་ཕྱག་བྱ་སྟེ།། བྲམ་ཟེ་གཙང་མས་མ་བཞི་ནོ།། གང་ཞིག་ཆེས་རྣམས་རྣམ་ཤེས་ན།། རྒན་ནམ་ཡང་ན་གཞོད་ཡང་རུང་།།
261a3 ལ་བཀུར་ཞིང་བསྟན་བཀུར་ཏེ།། བྲམ་ཟེ་གཙང་མས་མེ་བཞིན་ནོ།། གང་ཞིག་རྫོགས་པའི་སངས་རྒྱས་ཀྱིས།། བསྟན་པའི་ཆོས་རྣམས་རྣམ་ཤེས་ན།། དེ་ལ་བཀུར་ཞིང་ཕྱག་བྱ་སྟེ།། བྲམ་ཟེ་གཙང་མས་མེ་བཞིན་ནོ།། གང་ཞིག་རྫོགས་པའི
261a4 སངས་རྒྱས་ཀྱིས། ། བསྟན་པའི་ཆོས་རྣམས་རྣམ་ཤེས་ན།། དེ་ལ་བཀུར་ཞིང་བསྙེན་བཀུར་ཏེ།། བྲམ་ཟེ་གཙང་མས་མེ་བཞིན་ནོ།། གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི།། ཕ་རོལ་ཕྱིན་པར་གྱུད་པ་ན།། དེ་ཚེ་ཤ་ཟ་བ་ཀུན་ལ།། གཅིག་པོ་ལས
261a5 ཀྱ་ཤིན་དུ་འདས། ། གང་ཚེ་བྲམ་ཟེ་ཆེས་རྣམས་ཀྱིས།། ཕ་རོལ་ཕྱིན་པར་གྱུར་པ་ན།། དེ་ཚེ་དེས་མཐོང་ཚོར་བ་རྣམས།། ཐམས་ཅད་ཆུབ་པ་ཉིད་ཏུ་འགྱུར།། གང་ཚ་བྲམ་ཟེ་ཆོས་རྣམས་ཀྱི།། ཕ་རོལ་ཕྱིན་པར་གྱུར་པ་ན།། དེ་ཚེ་དེ་ཡིས་མཐོང་བས
261a6 ན། ། རྐྱེན་རྣམས་ཐམས་ཅད་ནུབ་པར་གྱུར།། གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱི།། ཕ་རལ་བྱིན་པར་གྱུར་པ་ན།། དེ་ཚད་ཡིས་མཐོང་བས་ན།། ལན་སྦྱོར་ཐམས་ཅད་ཆུབ་པར་གྱུར།། གང་ཚེ་བྲམ་ཟེ་ཆོས་རྣམས་ཀྱིས།། ཕ་རོལ་བྱིཕྱིན་པར་གྱུར་པས།
261a7 དེ་ཚེ་སྐྱེ་དང་རྒ་བ་དང་།། འཆི་བ་རྣམས་ལས་ཤིན་དུ་འདས།། ཉིན་མོ་ཉ་མ་གསལ་བར་བྱེད།། མཚན་མོ་ཟླ་བ་སྣང་བ་ལྟ་།། རྒྱལ་རིགས་གོ་ཆས་ཆས་པ་གསལ།། ཟམ་ཟེ་སེམས་པར་བྱེད་ན་གསལ།། ཉིན་མོ་ཉི་མ་གསལ་བར་བྱེད།། མཚན
261a8 མོ་ཟླ་བ་སྣང་བྱེད་ལྟར། ། རྟག་ཏུ་སངས་རྒྱས་གཟི་བརྗིད་ཅན།། ཉིན་དང་མཚན་དུ་གསལ་བར་བྱེད།། ཇི་ལྟར་མི་སྡུག་པ་ལས་ཡིད་ལྡེག་པ།། དེ་འདྲ་བྲམ་ཟེ་རྣམས་ལ་ཆུང་ཟད་པང་།། ཇི་ལྟ་ཇི་ལྟར་དེ་ཡི་ཡིད་ལྡོག་པ།། དེ་ལྟ་དེ་ལྟར་ཀུན་རྫོབ




iiif viewer powered by OpenSeadragon

260b - 261b

Texts on this page

Q992 - ched du brjod pa'i tshoms