e-texts navigator
Collection
Volume
Page
Wylie

260b1 འདས་ཤིང་། ། ཡོངས་སུ་གདུང་བ་མེད་པ་དང་།། དགའ་མེད་དྲན་ལྡན་སྟེན་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཐུབ་པ་རྣམ་རྒྱལ་དྲང་སྲོང་ཆེ།། ཁྱུ་མཆོག་རབ་འཆོག་གླང་པོ་ཆེ།། བཀུར་མེད་ཐུས་བྱས་སངས་རྒྱས་དེ།། བྲམ་ཟེ་ཡིན་པར
260b2 ངས་གསུངས་སོ། ། གང་ཞིག་སྲིད་འདས་ཀུན་ཟིལ་གནོན།། ཆུ་བོ་ལས་རྒལ་རྣམ་པར་འདྲེན།། རྣམ་བྲལ་ཕ་རོལ་ཕྱིན་པ་དེ།། བྲམཟེ་ཡིན་པར་ངས་གསུངས་སོ།། སྡིག་ཅན་རྣམ་པར་མི་སེམས་ཤིང་།། མི་སྒོམ་སྨྲ་བར་མི་བྱེད་པར།། འདུག་ནས
260b3 རྡུལ་བྲལ་སེམས་པ་དེ། ། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཕྱག་དརང་ཁྲོད་འཆང་ཤིང་།། ངོ་ཚ་ཤེས་ཤིང་འདོད་མི་ལྟ།། ཤིང་དྲུང་དག་ཏུ་གནས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཤིཞིག་སྡུག་བསྔལ་ཀུན་སྤངས་ཕྱིར།།
260b4 ཤི་བ་འཕགས་ལམ་ཡན་ལག་བརྒྱད།། དྲང་པོ་བསྒོམ་པར་བྱེད་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ལ་ཆུང་ཟད་གནས་མེད་ཅིང་།། ཀུན་ཤེས་ཡིད་གཉིས་ཟུག་རྔུ་མེད།། འཆི་མེ་གོ་འཕང་མཐོང་བ་དེ།། བྲམ་ཟེ་ཡིན་པར་རས་གསུངས
260b5 སོ། ། གང་ཤིག་སྲས་མེད་ཕུག་ན་གནས།། གཅིག་པུ་རྒྱུ་ཤིང་རིང་དུ་འགྲོ།། གདུལ་བར་དཀའ་བའི་སེམས་འདུལ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་གཟུགས་མེད་བལྟར་མེད་མཐའ་ཡས་ལ།། ཤིན་དུ་བལྟར་མེད་ཕྲ་ཞིང་གཞི
260b6 མངོན་རྟོགས། ། རྟག་དྲན་ཀུན་སྐྱོར་ཟད་རྒྱུ་སངས་རྒྱས་པ།། འཇིག་རྟེན་འདི་ན་དེ་ནི་བྲམ་ཟེ་ཡིན།། གང་གིས་སོགས་མིག་འཆིང་གཏུབས་ཏེ།། ཆིངས་མརྒྱད་ཐག་བཅད་ནས་སུ།། ཡོངས་སུ་གདུང་སྤངས་སངས་རྒྱས་དེ།། བྲམ་ཟེ་ཡིན་པ་ངས
260b7 གསུངས་སོ། ། གང་གིས་རྙེད་འདོད་སྡིག་ཅན་དང་།། སོགས་མིག་ཆིངས་མ་གཏུབས་གྱུར་ཅིང་།། སྲེད་པརྩར་བཅས་དྲུངས་ཕྱུང་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། བརྩོན་པས་ཆུ་བོའི་རྒྱུན་བཅད་ཅིང།། འདོད་པ་ཐམས་ཅད་རབ་བཅོམ་དང་།།
260b8 འདུ་བྱེད་རྣམས་ཀྱི་ཟད་ཤེས་པ།། སྡིག་མེད་གང་ཡིན་བྲམ་ཟེ་ཡིན།། ཕ་དང་མ་ནི་བསར་བྱས་ཤིང་།། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་།། ཡུལ་འཁོར་འཁོར་དང་བཅས་བཅོམ་པ།། སྡིག་མེད་གང་ཡིན་བྲམ་ཟེ་ཡིན།། ཕ་དང་མ་ཡིན




iiif viewer powered by OpenSeadragon

260a - 261a

Texts on this page

Q992 - ched du brjod pa'i tshoms