e-texts navigator
Collection
Volume
Page
Wylie

259b1 ཨརྠསྟཱ་དང་། ། སྱཱད་བ་རྩིལ་སངས་དཀར་སྣར།། གང་ཞིག་འདོད་ལ་མི་གནས་དེ།། ཐམ་ཐ་ཡིན་པར་ངས་གཟུངས་སོ།། སདཔའ་མདཔས་རྒྱས་དང་།། སྦྲང་མ་ལ་སྲང་པ་དག་སྟ།། སྲིད་པ་དགའ་བ་སངས་ངས།།
259b2 བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཟླ་བ་དག་ཅིང་དྲི་མེད་ལ།། སྐྱོན་ཐལ་རབ་ཏུ་དང་བསྐུར།། གང་ཞིག་སྡིག་པས་མི་གོས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཟླ་བ་དག་ཅིང་དྲི་མེད་ལ།། སྐྱོན་བྲལ་རབ་ཏུ་དང་བལྟར།།
259b3 ཞིག་འདོད་པས་མི་གོས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཟླ་བ་དག་ཅིང་དྲི་མེད་ལ།། སྐྱོན་བྲལ་རབ་ཏུ་དང་བལྟར།། སྲིད་ལ་དགའ་བ་ཡོངས་སྤངས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། འདམ་རྫབ་ཀྱིས་ནི་མཁའ་ལྟར
259b4 དང་། རྡུལ་གྱིས་ཟླ་བ་ཇི་ལྟ་བར།། གང་ཞིག་སྡིག་པས་མི་གོས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། འདམ་རྫབ་ཀྱིས་ནི་བཟའ་ལྟར་དང་།། རྡུལ་གྱིས་ཟླ་བ་ཇི་ལྟ་བར།། གང་ཞིག་འདོད་པས་མི་གོས་ཏེ།། བྲམ་ཟེ་ཡིན་པར་ངས
259b5 གསུངས་སོ། ། འདམ་རྫབ་ཀྱིས་ནི་མཁའ་ལྟར་དང་།། རྡུལ་གྱིས་ཟླ་བ་ཇི་ལྟ་བར།། སྲིད་ལ་དགའ་བ་ཡོངས་སྤངས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འདུག་ནས་རྡུལ་བྲལ་བ།། སེམས་ཤིང་ཟག་ཟད་བྱ་བ་བྱས།།
259b6 དུལ་ཞིང་ལུས་མཐར་གནས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཤེས་རབ་ཟབ་ཅིང་ཡིད་གཞུངས་ལ།། ལམ་དང་ལམ་མིན་རྣམས་ལ་མཁས།། གང་ཞིག་དོན་མཆོག་རྗེས་ཐོབ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།།
259b7 མིན་གང་ཡང་རུང་བ་དག། སློངས་མོ་ཙམ་གྱིས་འཚོ་བ་དང་།། བདག་མེད་སུ་ལའང་གནོད་མི་བྱེད།། བཏན་ལྡན་ཚངས་པར་སྤྱོད་པ་ཅན།། ཀུན་ཤེས་སྤྱད་ཕྱིར་ཆོས་སྟོན་དེ།། བྲམ་ཟེ་ཡིན་པར་རས་གསུངས་སོ།། གང་ཞིག་དོད
259b8 པ་ལེགས་སྤངས་ཤིང་། ། ཁྱིམ་མེད་པར་ནི་རབ་བྱུང་སྟེ།། འདོད་པའི་ཟག་པ་ཡོངས་ཟད་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། འགྲོ་བ་དང་ནི་གནས་པ་ཡི།། འབྱུང་པོ་ཆད་པས་མི་གཅོད་ཅིང་།། གསོད་མེད་གསོད་དུ་མི་འཇུག་དེ།།




iiif viewer powered by OpenSeadragon

259a - 260a

Texts on this page

Q992 - ched du brjod pa'i tshoms