| | e-texts navigator
|
259a1 བརྟུལ་ཞུགས་ལྡན་ཞིང་སེམས་ཁྲུལ་མེད།། དུལ་ཞིང་ལུས་མཐར་གནས་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་རབ་བྱུང་ཁྱིམ་པ་དང་།། དེ་བཞིན་གཉི་གར་མེ་འདྲེ་ཞིང་།། འདོད་ཆུད་ཁྱིམ་ནས།།
259a2 མ་བྱུང་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། མ་འོངས་པ་ལ་མངོན་མི་དགའ།། འདས་པ་རྣམས་ལ་གདུད་མེད་པ།། འཁྲིག་པའི་སྦྱོར་བྲལ་གཡུལ་རྒྱལ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། མ་འོངས་པ་ལ་མངོན་མི
259a3 དགའ། ། འདས་ལ་གདུད་མེད་རྡུལ་བྲལ་ཞིང་།། ཞི་བ་མྱ་ངན་མེད་པ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འདོད་ཆུང་གཞན་མི་གེ་སོ།། རུལ་ཞིང་སྙིང་པོར་རབ་གནས་ལ།། ཟག་ཟད་སྐྱོན་རྣམས་བསལ་བ་ཏེ།། བྲམ་ཟེ
259a4 ཡིན་པར་ངས་གསུངས་སོ། ། གང་ཞིག་ཕ་རོལ་ཚུ་རོལ་དང་།། ཕ་རོལ་ཚུ་རོལ་གཉིས་མེད་ཅིང་།། ཆོས་རྣམས་ཀུན་གྱི་མཐར་མིན་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཕ་རོལ་ཚུ་རོལ་དང་།། ཕ་རོལ་ཚུ་རོལ་གཉིས་མེད་ཅིང་།། །
259a5 གང་ཞིག་གནས་གསུམ་མ་ཆགས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ཐུང་བར་རིང་བ་དང་།། ཕྲ་སྦོམ་དག་དང་མི་དགེ་དང་།། འཇིག་རྟེན་ཆུང་ཟད་མི་ལེན་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་འདི་ཉིད་རབ
259a6 ཤེས་ཤིང་། ། རང་གི་སྡུག་བསྔལ་ཟད་པ་དང་།། འདོད་ཆགས་བྲལ་ཞིང་མི་ལྡན་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་དགེ་དང་སྡིག་པ་དང་།། གཉིས་ག་ཡིས་ཀྱང་མི་གོས་པ།། གོས་མེད་རྡུལ་བྲལ་ཞི་བ་དེ།། བྲམ་ཟེ་ཡིན་པར
259a7 ངས་གསུངས་སོ། ། གང་ཞིག་དགེ་དང་སྡིག་པའི་ལས།། ཆགས་གང་ཡིན་དེ་རབ་འདས་ཤིང་།། ཆགས་ལས་རབ་འདས་རྣམ་གྲོལ་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་སྔོན་དང་ཕྱི་མ་དང་།། དབུས་ཀྱང་ཡོད་པ་མ་ཡིན་པ།
259a8 རྡུལ་བལ་འཆིང་བ་ལས་གྲོལ་ཏེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། པད་མའི་འདབ་ལ་ཆུ་ལྟར་དང་།། སྨྱུང་བུའི་རྩེ་ལ་ཡུངས་དཀར་ལྟར།། གང་ཞིག་སྡིག་པ་མི་གནས་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། པད་མའི་མདའ
iiif viewer powered by OpenSeadragon
258b - 259b