| | e-texts navigator
|
258b1 ཀྱིས་མིན། ། གང་ཞིག་སྡིག་པ་ཆེ་ཆུང་རྣམས།། ཐམས་ཅད་སྤོང་བར་བྱེད་པ་དག། སྡིག་པ་རྣམས་ནི་སྤངས་ཕྱིར་དེ།། བྲམ་ཟེ་ཡིན་ཞེས་ངེས་པར་བརྗོད།། མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན།། ཨོཾ་མ་ཞེས་ཟེར་བ་བྲམ་ཟེ་མིན།། གང་ཞིག
258b2 དགེ་བའི་ཆོས་ལྡན་པ། ། གཙང་མ་དེ་ཡིན་བྲམ་ཟེ་དེ།། མགོ་བོ་བྲེགས་ཙམ་དགེ་སྦྱོང་མིན།། ཨོ་མ་ཞེས་ཟེར་བ་བྲམ་ཟེ་མིན།། གང་ཞིག་སྡིག་པ་ཆེ་ཆུང་རྣམས།། ཐམས་ཅད་སྤོང་བར་བྱེད་པ་དག། སྡིག་པ་རྣམས་ནི་སྤངས་ཕྱིར་དེ།། དགེ་སྦྱོང
258b3 བྲམ་ཟེ་དེ་ཡིན་ནོ། ། སྐྱེ་བོ་ཐལ་ཆེར་འདིར་འཁྲུ་བ།། ཆུ་ཡིས་དག་པར་མི་འགྱུར་ཏེ།། གང་ཞིག་སྡིག་པ་ཆེ་ཆུང་རྣམས།། ཐམས་ཅད་སྤོང་བར་བྱེད་པ་དག། སྡིག་པ་རྣམས་ནི་སྤངས་ཕྱིར་ཏེ།། དགེ་སྦྱོང་བྲམ་ཟེ་དེ་ཡིན་ནོ།། གང་ཞིག་སྡིག
258b4 ཆོས་རབ་སྤངས་ཤིང་། ། རྟག་ཏུ་དྲན་ལྡན་སྤྱད་བྱེད་པ།། ཀུན་སྦྱོར་ཟད་པའི་སངས་རྒྱས་དེ།། འཇིག་རྟེན་དག་ན་བྲམ་ཟེ་ཡིན།། བྲམ་ཟེ་གང་ཞིག་སྡིག་པའི་ཆོས་སྤངས་ཤིང་།། བདག་ཉིད་ཚུལ་འཆོས་མེད་ཅིང་རྙོག་མེད་གནས།། རིག་བྱེད
258b5 མཐར་ཕྱིན་ཚངས་པར་སྤྱོད་པ་སྤྱད། ། དུས་སུ་སྨྲ་བྱེད་དེ་ནི་ཚངས་པ་སྨྲ།། གང་ཞིག་རྒྱུ་ལ་མི་གནས་ང་རྒྱལ་མེད།། གང་ཞིག་ཆགྲ་མེད་བདག་མེད་རེ་བ་མེད།། འཁྲུག་བཅོམ་བདག་ཉིད་མྱ་ངན་འདས་ཕྱོགས་དེ།། བྲམ་ཟེ་དགེ་སྦྱོང་དེ་ཡིན
258b6 དགེ་སློང་དེ། ། གང་ཞིག་མི་ཡི་མངལ་སྐྱེས་ནས།། གལ་ཏེ་འཛིན་པ་དང་བཅས་ནས།། དེ་མེད་བྷུ་ཞེས་སྨྲ་བར་བསྟན།། བྲམ་ཟེ་ཡིན་པར་ད་མི་སྨྲ།། ཡོངས་སུ་འཛིན་མེད་ལེན་མེད་དེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་ཞིག་ལུས
258b7 དང་ངག་དང་ནི། ། ཡིད་ཀྱིས་ཉེས་བྱས་མི་བྱེད་ཅིང་།། གང་ཞིག་གནས་གསུམ་ལེགས་བསྡམས་ཏེ།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། གང་གི་ཚིག་དག་མི་རྩུབ་ཅིང་།། གོ་བྱེད་ཡིད་འོང་སྨྲ་བ་དང་།། གང་གིས་ཉོན་མོངས་མི་སྐྱེ་དང་།། བྲམ
258b8 ཡིན་པར་ངས་གསུངས་སོ། ། གང་ཞིག་གསོད་འཆིང་གཤེ་བ་དང་།། སྔ་བ་མེན་ལ་བཟོད་བྱེད་དེ།། བཟོད་པའི་བརྟུལ་ཞུགས་སྟོབས་ཆགས་ཅན།། བྲམ་ཟེ་ཡིན་པར་ངས་གསུངས་སོ།། ཁྲོ་བ་མེད་ཅིང་ཚུལ་ཁྲིམས་ཅན།།
iiif viewer powered by OpenSeadragon
258a - 259a