| | e-texts navigator
|
258a1 རྟག་ཏུ་བྱེད་གང་རྣལ་འབྱོར་དོ།། མྱ་ངན་འདས་གང་བདེ་བ་རེ།། དགེ་སློང་དགའ་དང་མི་དོགས་མི་བརྗོད་ཅིང་།། བས་མཐའི་གནས་མལ་དག་ཏུ་སྙན་པ་དང་།། དེ་ན་བག་ཡོད་གནས་ཤིང་སྲིད་པ་ཡི།། འདོད་ཆགས་ཕྲ་རྒྱས
258a2 ལེགས་པར་འབྱིན་པར་བྱེད། ། དགེ་སློང་གི་ཚོམས་ཏེ་སུམ་བཅུ་གཉིས་པའོ།། ། གང་ཞིག་བརྒྱན་ཀྱང་ཆོས་སྤྱོད་དུལ་བ་དང་།། ཞི་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད།། འབྱུང་པོ་ཀུན་ལ་ཆད་པས་མི་གཅོད་དེ།། བྲམ་ཟེ་དགེ
258a3 སྤྱོད་དེ་ཡིན་དགེ་སློང་དེ། ། གཅེར་བུས་སྤྱོད་པས་མ་ཡིན་རལ་བས་མ་ཡིན་རྫབ་ཀྱིས་མིན།། ཁ་ཟས་མི་ཟ་བ་ཡིས་མ་ཡིན་ཐད་ལ་ཉལ་བ་འམ།། རྡུལ་དང་དྲི་མས་མ་ཡིན་ཅོག་པུར་འདུག་ལ་འབད་པ་ཡིས།། མེ་རྣམས་དག་པར་མི་འགྱུར
258a4 སོམ་ཉེ་རྣམས་ལས་རྒལ་མི་འགྱུར། ། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་པ།། ཟག་པ་ཟད་པ་མ་ཐོབ་པར།། བར་མ་དོར་ནི་རྣམ་པར་ཉམས།། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་པ།།
258a5 ཚོར་བ་ཟད་པ་མ་ཐོབ་པར།། བར་མ་དོར་ནི་རྣམ་པར་ཉམས།། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་ཅིང་།། བྱིས་པ་མཐའ་གཅིག་ལ་ལྟ་བ།། བར་མ་དོར་ནི་རྣམ་པར་ཉམས།། དགེ་སྦྱོང་བྲམ་ཟེ་གང་ཡང་རུང་།
258a6 དེ་དག་ཉིད་ལ་ཆགས་བྱེད་པ།། བྱིས་པ་སྐྱེ་བོ་ཐོང་ན་རྣམས།། བར་མ་དོར་ནི་རྣམ་པར་ཉམས།། དགེ་སྦྱོང་བྲས་ཟེ་གང་ཡང་རུང་།། དེ་དག་ཉིད་ལ་ཆགས་བྱེད་པ།། གོ་འབང་དམ་པ་མ་ཐོབ་པར།། བར་མདོར་ནི་རྣམ་པར་ཉམས།།
258a7 ངན་ཁྱོད་ཀྱི་རལ་པ་ཅི།། ཁྱོད་ཀྱི་གཡང་གཞི་གྱོན་པ་ཅི།། ཁྱོད་ནད་ཐིབས་པོར་འདུག་བཞིན་དུ།། ཕྱི་རོལ་ལེགས་པར་བྱི་དོར་བྱེད།། བློ་ངན་ཁྱོད་ཀྱི་རལ་བ་ཅི།། ཁྱོད་ཀྱི་གསང་གི་ནི་གྱོན་པ་ཅི།། ཁྱོད་ནད་དྲི་མ་ལྡན་བཞིན་དུ།། ཕྱི་རོལ་ལེགས
258a8 པར་བྱི་དོར་བྱེད། ། རིགས་ཀྱིས་བྲམ་ཟེར་འགྱུར་མ་ཡིན།། རལ་བས་མ་ཡིན་རུས་ཀྱིས་མིན།། གང་ཞིག་བདེན་པའི་ཆོས་ལྡན་པ།། གཙང་མ་དེ་ཡིན་བྲམ་ཟེ་ཡིན།། རིགས་ཀྱིས་བྲམ་ཟེར་འགྱུར་མ་ཡིན།། རལ་བས་མ་ཡིན་རུས
iiif viewer powered by OpenSeadragon
257b - 258b