| | e-texts navigator
|
255b1 དགེ་སློང་མིན་པ་སྙམ། ། གྲོང་བའི་ཆོས་ནི་འཛིན་བྱེད་པ།། ཇི་ག་དགེ་སློང་མིན་པ་སྙམ།། གང་ཞིག་དགེ་དང་སྡིག་པ་དག། རབ་སྤངས་ཚངས་པར་སྤྱོད་ལྡན་ཞིང་།། ལྔ་ཚོགས་སྤངས་ནས་སྤྱོད་བྱེད་པ།། དེ་ནི་དགེ་སློང་ཞེས་བརྗོད་དོ།། དགེ
255b2 མང་གང་ཤིག་བྱམས་གནས་ཤིང་། ། སངས་རྒྱས་བསྟན་ལ་རབ་དང་པ།། དེས་ནི་བསྟབས་མེ་དམས་པའི།། ཞི་བའི་གོ་འཕང་ཐོབ་པར་འགྱུར།། དགེ་སྡང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་ངེས།། འདུ་བྱེད
255b3 ཉེ་ཤི་ཞི་བ་ཡི། ། ཞི་བའི་གོ་འབྲང་ཐོབ་པར་འགྱུར།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དང་བ།། དེས་ནི་ཀུན་སྦྱོར་ཀུན་ཟད་པ།། རིམ་གྱིས་མངོན་སུམ་བྱེད་པར་འགྱུར།། དགེ་སློང་གང་ཞིག་བྱམས
255b4 གནས་ཤིང་། ། སངས་རྒྱས་བསྟན་ལ་རབ་དད་པས།། བདག་ཉིད་ངན་འགྲོ་ལས་འདྲེན་ཏེ།། འདམ་རྫབ་ལས་ནི་གླང་ཆེན་བཞིན།། དགེ་སློང་གང་ཤིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དད་པས།། སྡིག་པའི་ཆོས་རྣམ།
255b5 སྤུག་བྱེད་དེ།། རླུང་གིས་ལྗོན་ཤིང་ལོ་མ་བཞིན།། དགེ་སློང་གང་ཞིག་བྱམས་གནས་ཤིང་།། སངས་རྒྱས་བསྟན་ལ་རབ་དད་པས།། མྱ་ངན་འདས་དང་ཉེ་བའི་ཕྱིར།། ཡོངས་སུ་ཉམས་འགྱུར་མི་སྲིད་དོ།། སེམས་དཔའ་ཡིད་ན
255b6 བཟད་པ་དང་། ། དགའ་དང་མི་དགའ་ཟིལ་གནོན་པའི།། དགེ་སློང་དཀའ་ལ་མང་པོ་ཡིས།། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར།། ལུས་ཞི་དག་ནི་ཞི་བ་དང་།། སེམས་ནི་ལེགས་པར་མཉམ་གཞག་ཅིང་།། འཇིག་རྟེན་ཟང་ཟིང་སྤང
255b7 པ་ཡི། ། དགེ་སློང་ཉེར་ཞེ་ཡིན་ཞེས་བརྗོད།། ཏིང་འཛིན་མེད་ལ་ཤེས་རབ་མེད།། ཤེས་རབ་མེད་ལ་ཏིང་འཛིན་མེད།། ཤེས་རབ་ཏིང་འཛིན་ལྡན་པ་དེ།། དགེ་སློང་ཡིན་ཞེས་བརྗོད་པར་བྱ།། དེ་བས་ཏེ་འཛིན་ཤེས་རབ་ལ།། མངས
255b8 པ་རྣམས་ཀྱིས་འཇུག་བྱ་སྟེ། ། དེ་བཞིན་ཤེས་རབ་དགེ་སློང་དེའི།། དང་པོར་བྱ་བ་འདི་ཡིན་ནོ།། ཆོག་ཤེས་དབང་པོ་བསྡམ་བྱ་ཞིང་།། སོ་སོར་ཐར་པས་བསྡམ་པར་བྱ།། ཟས་ཀྱི་ཚོད་ཀྱང་ཤེས་པར་བྱ།། བས་མཐའ་དགོན་པར
iiif viewer powered by OpenSeadragon
255a - 256a