e-texts navigator
Collection
Volume
Page
Wylie

254b1 སེམས་ནི་སྲུང་བ་དང་། ། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགྲ་སེམས་ཀྱིས་བསླུས་པ་དག། གཅིག་ཏུ་སེམས་ཅན་དམྱལ་བར་འཚེད།། བག་མེད་སེམས་ནི་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས
254b2 ཀྱིས་བསླུས་པ་དག། གཅིག་ཏུ་དུད་འགྲོ་རྣམས་སུ་འཚེད།། བག་ཡོད་སེམས་ནི་སྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས་ཀྱིས་བསླུས་པ་དག། གཅིག་ཏུ་ཡི་དགས་རྣམས་སུ་འཚེད།། བག་ཡོད་སེམས་ནི
254b3 སྲུང་བ་དང་། ། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས་ནི་བསྲུངས་པ་དག། གཅིག་ཏུ་མི་ཡི་ནང་དུ་དགའ།། བག་ཡོད་སེམས་ནི་བསྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་བདེ།། སྐྱེ་དགུ་སེམས་ནི་བསྲུངས་པ་དག། གཅིག་ཏུ
254b4 མཐོ་རིས་རྣམས་སུ་དགའ། ། བག་ཡོད་སེམས་ནི་སྲུང་བ་དང་།། སེམས་དུལ་ཡང་དག་སྡོམ་པ་དབང་།། སྐྱེ་དགུ་སེམས་ནི་བསྲུངས་པ་དག། གཅིག་ཏུ་མྱ་ངན་འདས་པ་འཐོབ།། སེམས་ཀྱི་ཚོམས་ཏེ་སུམ་ཅུ་རྩ་གཅིག་པའོ།།
254b5 དགེ་སློང་བསོད་སྙོམས་བྱེད་པ་བདག་རང་ཙམ།། འདྲངས་པར་བྱེད་ཀྱི་གཞན་དག་མི་གསོ་བ།། རྟོག་ཏུ་ཉེར་ཞི་དྲན་དང་ལྡན་པ་ཡི།། སྐྱོབ་པ་དེ་ལ་ལྷ་རྣམས་དགའ་བར་བྱེད།། དགེ་སློང་བསོད་སྙོམས་བྱེད་པ་བདག་རང་ཙམ།། འདྲངས་པར་བྱེད་ཀྱི
254b6 གཞན་དག་མི་གསོབ། ། སྐྱོབ་པ་དེ་ལ་ལྷ་རྣམས་དགའ་བྱེད་ཀྱི།། བཀུར་སྟི་ནོར་དང་གྲགས་འདོད་རྣམས་ལ་མིན།། དགེ་སློང་འདོད་པ་ཀུན་སྤངས་ཤིང་།། མདུན་ན་གནས་པའི་རྡུལ་བསལ་བ།། བདག་མེད་ཐུབ་པ་བརྟན་པ་ཡིས།། གཞན་ལ།
254b7 སྨྲ་བར་བྱ་མི་དགོས།། སྐྱེ་བོ་མ་བསྡམས་ཚིག་ཞིས་གནོད་བྱེད་པ།། མི་བཟད་བརྗོད་པའི་ཚིག་དེ་ཐོས་གྱུར་ཀྱང་།། དགེ་སློང་སྣང་སེམས་བྲལ་ལ་ཇི་མི་སྙམ།། གཡུལ་ངོར་གླང་ཆེན་མདའ་ཡིས་བསྣུན་པ་བཞིན།། སྐྱེ་བོ་མ་བསྡམས་ཚིག་གིས
254b8 གནོད་བྱེད་པ། ། མེ་བཟོད་རྗོད་པའི་ཚིག་དེ་ཐོས་ཟུར་ཀྱང་།། དགེ་སློང་ཡིད་ལེགས་བཞག་ལ་ཇི་མི་སྙམ།། གཡུལ་ངོར་གླང་ཆེན་མདའ་ཡིས་བསྣུན་པ་བཞིན།། བཟོ་ཡིས་མི་འཚེ་ཡང་ཞིང་བདག་ལ་དགའ།། དབང་པོ་དུལ་ཞིང་ཀུན་ལས་རྣམ་གྲོས




iiif viewer powered by OpenSeadragon

254a - 255a

Texts on this page

Q992 - ched du brjod pa'i tshoms