e-texts navigator
Collection
Volume
Page
Wylie

253a1 ཡིས། ། སྨྲས་སམ་ཡང་ན་བྱས་ཀྱང་རུང་།། དེ་ཡིས་དེ་ནི་བདེ་བ་འཐོབ།། ཐིབ་མ་ཛེས་སུ་འབྱུང་བ་བཞིན།། བཅད་པ་ཆེད་ཆེར་འཛིན་པ་དང་།། སེམས་ནི་ཉོན་མོངས་གྱུར་པ་ཡིས།། གླགས་སྐ་པས་ཚོལ་བར་བྱེད་པ་མིས།།
253a2 ཐེགས་པཤད་ལེགས་པར་མི་ཤེས་སོ།། ལྡང་པའམ་ཡང་ན་འཁྲུག་པའམ།། དང་བ་མེད་པའི་སེམས་དག་གིས།། རྫོགས་སངས་རྒྱས་ཀྱི་བསྟན་པ་ཡི།། དམ་ཆོས་ཅན་ཤེས་མི་ནུས་སོ།། གང་གིས་པག་མེད་སེམས་དང་ནི།། ཐོ་བ་རྣམ
253a3 པར་བཏུལ་བ་དང་། ། འདི་ན་གནོད་སེམས་རབ་སྤངས་པ། དེས་ནི་ལེགས་པར་བཤད་པ་ཤེས།། སེམས་ཀྱི་བརྟན་པ་མེད་པ་ཡིས།། དམ་ཆོས་རྣམ་པར་ཤེས་མི་འགྱུར།། དད་པ་འགྱུར་ལྡོག་བྱེད་པ་ཡི།། ཤེས་རབ་ཡོངས་སུ་རྫོགས་མི་འགྲུར
253a4 ཀུན་རྟོག་ལ་ཆུམས་རྟེན་པ་ཡི། ། ལྟ་ངན་སུམ་བཅུ་རྩ་དྲུག་གི། ཆུ་བོའི་རྒྱུན་ནི་གང་ཡིན་པ།། ཡིད་ཀྱི་རྒྱུན་ལས་རབ་ཏུ་འབབ།། དགའ་སེམས་དང་པོ་ཕལ་བ་དང་།། སེམས་ཀྱི་རྗེས་འབྲང་ཤན་པ་ཡི།། མི་དེའི་གྲགས་འགྲིབ་འབྲས་ལྷགས་པའི།།
253a5 སྔོན་ཤིང་ལ་ནི་བྱ་བཞིན་ནོ།། སེམས་ཁྱེད་ཕྲང་ཁྲོལ་འདོར་ལ་དཀའ་མ་བྱེད།། བརྩོན་སེམས་བག་ཡོད་པ་ལ་གནས་པར་གྱིས།། བག་མེད་བྱས་པས་དམྱལ་བར་བཙོས་པན།། ལྕགས་གོང་མིང་པས་ཁྱོད་ནི་མདུ་ཤིག། ལྡང་བའི་དུས
253a6 འདུག་པར་བྱེད་པ་དང་། ། ལང་རྩོ་སྟོབས་ལྡན་མི་འབད་ཁྱིམ་བདུག་ནད།། བསམ་པ་རྫོགས་ཆ་ལེ་ལོ་བྱེད་པ་ཡི།། མ་ཡི་ཤེས་རབ་ལ་མ་རྟོགས་མ་འགྱུར་རོ།། ཕན་ཚེགས་རྣམ་རྟོག་ཞིབ་མོར་ནམ་རྟོག་པས།། ནང་ན་གནས་པའི་ཡིད་ནི
253a7 གསམ་ཡང་སྐྱོ། ། ཡིད་ཀྱི་རྣམ་ཏོག་དེ་དག་མ་ཤེས་ན།། འཁྲུལ་སེམས་ཡང་དང་ཡང་དུ་རྨུག་པར་བྱེད།། གང་ཞིག་དྲན་ལྡན་རྣམ་འབྱེད་བརྩོན་པ་དང་།། རྣམ་པར་རྟོག་ལ་མཁས་པས་དེ་ཤེས་ན།། ནང་ན་གནས་པ་ཡིད་ནི་གཡེམ་སྤྲོ
253a8 པ། ཐམས་ཅད་མ་ལུས་བློ་ཡིས་རབ་ཏུ་སྤོང་།། ལུས་འདི་བྲམ་པ་འདྲ་བར་རྟོགས་བྱས་ཤིང་།། ཟོང་ཁྱེར་འདྲ་བའི་སེམས་ཀྱིས་སྲན་བཙུགས་ནས།། ཤེས་རབ་མཚོན་གྱིས་བདུད་དང་གསུལ་སྨད་དེ།། བཏུལ་ནས་གནས་མེད་པར་ནི་བརྗོད




iiif viewer powered by OpenSeadragon

252b - 253b

Texts on this page

Q992 - ched du brjod pa'i tshoms