| | e-texts navigator
|
251b1 བདེ། ། སྐྱེ་བོ་སྐྱེ་བོའི་སེམས་ལ་རབ་ཆགས་ཤིང་།། ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས།། སྐྱེ་བོ་ཅི་མེད་ཡོན་ཏན་རྟོགས་པ་དག། སྐྱེ་བོ་ཅི་ཡང་མེད་པར་གྱུར་པ་བདེ།། སྐྱེ་བོ་སྐྱ་བོའི་ལུས་ལ་རབ་ཆགས་ཤིང་།། ཆུང་ཟད་ཡོད་པ་བ།
251b2 པར་གྱུར་ལ་ལྟོས།། གཞན་གྱི་དབང་གྱུར་ཀུན་སྡུག་སྟེ།། རང་དབང་ཡོད་པ་ཐམས་ཅད་བདེ།། སྦྱོར་བ་ཤིན་ཏུ་སྤང་དཀའ་བ། ཐུན་མོར་གྱུར་པས་བརླག་པར་ཟད།། ཞེན་པར་གྱུར་པའི་མི་ནང་ན།། ཞེན་པ་མེད་པར་གནས་པ་དང་།། ཞེན་པའི
251b3 ནང་ནམ་ཞེན་པ། ། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། ནད་ཀྱིས་ཐེབས་པའི་མི་ནང་ན།། ནད་མེད་པར་ནི་གནས་པ་དང་།། ནད་པའི་ནང་ན་ནད་མེད་པ།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། ཚེ་བ་ཅན་གྱི་མི་ནང་ན།། འཚེ་བ་མེད་པར་གནས་པ་དང་།།
251b4 འཚེ་བའི་ནང་ན་འཚོ་མེད་པ།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། གནོད་སེམས་ཅན་གྱི་མི་ནང་ན།། གནོད་སེམས་མེད་པར་གནས་པ་དང་།། གནོད་སེམས་ཅན་ནང་གནོད་མེད་པ།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། ཤ་ཁོ་ན་ཅན་གྱི་མི་ནང་ན།། ཤ་ཁོན
251b5 མེད་པར་གནས་པ་དང་། ། ཤ་ཁོན་ཅན་ནང་ཁོན་མེད་པ།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། མི་ཐིལ་དག་རབ་བསྲེགས་ཀྱང་།། ད་ལ་ཅི་ཡང་ཚིག་པ་མེད།། ང་ལ་གང་དག་ཅི་མེད་པས།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། ངལ་ཅི་ཡང་མེད་མོད་ཀྱི།། དགའ་བ
251b6 ཟ་བར་བྱེད་པས་ན། ། འོད་གསལ་གྱི་ནི་ལྷ་བཞིན་དུ།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། འཇིག་ཚོགས་ལ་ནི་མི་རྟེན་པས།། ང་ལ་ཅི་ཡང་མེད་མོད་ཀྱིས།། དགའ་བ་ཟ་བར་བྱེད་པས་ན།། ཀྱེ་མའོ་ཤིན་དུ་བདེ་བར་འཚོ།། ལེན་པའི་རྐྱེན་གྱིས་ཕྲད་ཅིང
251b7 རེག་འགྱུར་གྱི། ། ལེན་མེད་ཅི་དང་ཕྲད་ཅིང་རེག་མེད་པས།། བདག་དང་གཞན་གྱིས་བསྐྱེད་པའི་བདེ་སྡུག་གིས།། དགོན་པ་འམ་གྲོང་དུ་རེག་པར་མི་འགྱུར་རོ།། འཇིག་རྟེན་འདི་ན་བདེ་དང་སྡུག་བསྔལ་གྱིས།། སྐྱེས་བུ་དམ་པ་མཐོ་མ་ནི་མི་འགྱུ་ཤད
251b8 བརྟན་རྣམས་འདོད་པའི་རྒྱུ་ཡིས་མི་འཁྱལ་བར། ། སྐྱེས་བུ་དམ་པ་ཀུན་དུ་འགྲོ་བར་བྱེད།། བདེ་བའི་ཚོམས་ཏེ་སུམ་བཅུ་པའོ།། ཆེད་དུ་བརྗོད་པའི་ཚོམས། བམ་པོ་བཞི་པ་སྟེ་ཐ་མ།། གཟུང་བར་དཀའ་ཞིང་ཡང་བ་དང་།། གང་དུ་དགའ་བར་འགྲོ་བ་ཡི།། སེམས
iiif viewer powered by OpenSeadragon
251a - 252a