| | e-texts navigator
|
251a1 བདེ་བར་འཇུག། ། གང་ཤིག་འདོད་པས་མགོས་ཤིང་། ཟག་མད་རབ་ཏུ་རྣམ་གྲོལ་བ། སྲིད་པ་ཐམས་ཅད་གཐབས་པ་དག། སྙིང་ལས་རིམས་ནད་རྣམ་པར་བས་ལ།། སེམས་ཀྱིས་ན་བ་ཐོབ་པ་རྣམས།། ཉ་བ་ཤེནས།
251a2 བདེ་བར་འཇུག། གང་ཞིག་བདེ་བ་ཡངས་འདོད་ཅིང་།། བདེ་བ་ཆུང་ངུ་གཏོང་འདོད་པའི།། བརྟན་པས་བདེ་ཆུང་སྤང་བྱས་ན།། བདེ་བ་ཡངས་པ་ལེགས་པར་མཐོང་།། འཇིག་རྟེན་འདོད་བདེ་གང་ཡིན་དང་།། ལྷ་ཡུལ་བདེ་བ་གང་ཡིན་པས
251a3 སྲིད་པ་ཟང་བའི་བདེ་བ་དེའི། ། བཅུ་དྲུག་ཆར་ཡང་མི་བོད་དོ།། ཁུར་གྱིས་སྡུག་བསྔལ་བླངས་པས་ན།། ཁུར་པོར་ན་ནི་བདེ་བར་འགྱུར།། ལྕི་བའི་ཁུར་དག་ངེས་པོར་ན།། བྱི་ནས་གཞན་དག་ལེན་མི་འགྱུར།། ཀུན་སྦྱོར་ཐམས་ཅད་ཟད་པའི་ཕྱིར།
251a4 སྲེད་པ་ཐམས་ཅད་རབ་ཏུ་སྤོངས།། ཕུང་པོ་ཐམས་ཅད་ཡོངས་ཤེས་ན།། སྲིད་པ་ཕྱི་མར་འགྲོ་བ་མེད།། དོན་རྣམས་བསྐྲུན་པ་ལ་ནི་གྲོགས་ལྡན་པ་དེ།། སྲོག་དག་རབ་ཏུ་གཏུགས་ལ་བསོད་ནམས་བདེ།། ངན་ངོན་ཙམ་གྱིས་ལེགས
251a5 པར་ཆོག་ཤེས་པདེ། ། སྡུག་བསྔལ་ཐམས་ཅད་ངེས་པར་ནུབ་པ་བདེ།། འདི་ན་མེ་ནི་འབར་བ་ལ།། ལྕགས་ཀྱི་ཐོབས་བརྒྱབ་པ་ཡིས།། རིམ་གྱིས་ཉེ་བར་ཞི་འགྱུར་ཏེ།། ཇི་ལྟར་སོང་བ་མི་ཤེས་ལྟར།། འདོད་པའི་འདམ་རྫབ་ཆུ་ན་ལ་ཙ
251a6 གོ་འཕང་མི་གཡོ་ཐོབ་པ་དང་། ། ལེགས་པར་རྣམ་པར་གྲོལ་རྣམས་ཀྱི།། འགྲོ་བ་གདགས་སུ་མེད་པ་ཡིན།། གང་ཞིག་ཁོང་ན་འཁྲུག་པ་མེད་པ་དང་།། གང་ཞིང་སྲེད་དང་སྲེད་མིན་ལས་ལོག་པ།། དེ་དག་འཇིགས་བྲལ་བདེ་ཞིང་མྱ་ངན
251a7 མེད། ལྷས་ཀྱང་བལྟ་ཞིང་བསམ་དུ་མེད་པར་འགྱུར།། འདི་ན་གང་དག་ཆོས་མང་ཐོས་པ་དང་།། རྟོགས་ཤིང་ཅི་ཡང་མེད་པ་ཀྱེ་ར་བདེ།། སྐྱེ་བོ་སྐྱེ་བོའི་སེམས་ལ་རབ་ཆགས་ཤིང་།། ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས།། འདི
251a8 ན་གང་དག་ཆོས་མང་ཐོས་པ་དང་། ། རྟོགས་ཤིང་ཅི་ཡང་མེད་པ་ཀྱེ་རེ་བདེ།། སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ཆགས་ཤིང་།། ཆུང་ཟད་ཡོད་པ་བརླག་པར་གྱུར་ལ་ལྟོས།། སྐྱེ་བོ་ཅི་མེད་ཡོན་ཏན་རྟོགས་པ་དང་།། སྐྱེ་བོ་ཅི་ཡང་མེད་པར་གྱུར་བ
iiif viewer powered by OpenSeadragon
250b - 251b