| | e-texts navigator
|
250b1 ལམ་གང་དགའ་བ། ། དེ་དག་ཆོས་གོས་འཆང་བ་དང་།། བསོད་སྙོམས་བདེ་བར་ཟ་བར་བྱེད།། དེ་དག་རི་དང་ནགས་ཚལ་ན།། བདེ་བར་འཆག་པར་བྱེད་པ་དང་།། དེ་དག་བདེ་འཐོབ་བདེ་བར་ནི།། མཐོང་བའི་ཆོས་ལ་མྱ་ངན་འདའ།།
250b2 ཁོ་ན་དང་འཇིགས་པ་ཀུན་འདས་ཤིང་།། འཇིག་རྟེན་ཡུལ་གྱི་སྲེད་ལས་རྒལ།། ཆོས་ཐོས་པ་དང་མཐོང་བ་དང་།། དབེན་པར་དགའ་བ་བདེ་བ་སྟེ།། འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ།། འཚོ་མེད་ཡང་དག་སྡོམ་པ་བདེ།། འདོད་པ
250b3 རྣམས་ལས་རབ་འདས་ཤིང་། ། འཇིག་རྟེན་འདོད་ཆགས་བྲལ་བ་བདེ།། ངའོ་སྙམ་པ་ཡིད་རྒྱལ་དག། བཏུལ་བ་དེ་དག་མཆོག་ཏུ་བདེ།། རྒས་ཁར་ཚུལ་ཁྲིམས་ལྡན་པ་བདེ།། དད་ལ་རབ་ཏུ་གནས་པ་བདེ།། དོན་ལྡན་ཚིག་ལ་དགའ
250b4 བ་བདེ། ། སྡིག་པ་མི་བྱེད་པ་དག་བདེ།། འཇིག་རྟེན་ན་ནི་པར་འཛིན་བདེ།། དེ་བཞིན་མར་ཡང་འཛིན་པ་བདེ།། འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ།། དེ་བཞིན་བྲམ་ཟེར་འཛིན་པ་བདེ།། སངས་རྒྱས་རྣམས་ནི་འབྱུང་བ་བདེ།། དེ་བཞིན་ཆོས
250b5 རྣམས་བསྟན་པ་བདེ། ། དགེ་འདུན་རྣམས་ནི་འཐུན་པ་བདེ།། འཐུན་པ་རྣམས་ཀྱི་དཀའ་ཐུབ་པདེ།། ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ།། མང་དུ་ཐོས་པ་མཐོང་བ་བདེ།། ཡང་སྲིད་རྣམ་པར་གྲོལ་བ་ཡི།། དགྲ་བཅོམ་པ་དག
250b6 མཐོང་བ་བདེ། ། འཇུག་དོགས་བདེ་བའི་ཆུ་ཀླུང་བདེ།། ཆོས་ཀྱིས་རྒྱལ་བའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། ངའོ་ང་རྒྱལ་ཟད་པ་བདེ།། འཕགས་པ་རྣམས་ནི་མཐོང་བ་བདེ།། དམ་པ་དག་དང་འགྲོགས་པ་བདེ།།
250b7 བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ་འགྱུར།། རྣམ་པ་ཀུན་དུ་དགྲ་འདྲ་བའི།། ཁྱིས་དང་འགྲོགས་པ་སྡུག་བསྔལ་ཞིང་།། བྱིས་པ་དག་དང་འགྲོགས་བྱེད་པ།། ཡུན་རིང་རྗེས་སུ་འགྱོད་པར་འགྱུར།། སྐྱེས་བུ་ཅང་ཤེས
250b8 དཀོན་པ་སྟེ། ། དེ་དག་ཀུན་ཏུ་འབྱུང་མ་ཡིན།། བརྟན་པ་རྣམས་དང་འགྲོགས་པ་དག། གཉེན་དང་འཕྲད་པ་ལྟ་བུར་བྱེད།། གང་དུ་བརྟན་པ་དེ་སྐྱེས་པ།། དེ་ཡི་རིགས་ཀྱིས་བདེ་བ་འཐོབ།། བྲམ་ཟེ་མྱ་ངན་འདས་པ་དག། རྣམ་པ་ཀུན་དུ
iiif viewer powered by OpenSeadragon
250a - 251a