e-texts navigator
Collection
Volume
Page
Wylie

249b1 པ་དེའི། ། ཇི་ག་སུས་ཀྱང་སྨད་འོས་མིན།། གང་ཞིག་རྒྱལ་ལས་མི་ཉམས་ཤིང་།། འཇིག་རྟེན་མ་རྒྱལ་ཆུང་ཟད་མེད།། སངས་རྒྱས་སྤྱོད་ཡུལ་མཐའ་ཡས་དེ།། འགྲོ་མེད་གོམ་པ་གང་གིས་དཀྲི།། གང་ཞིག་རྒྱལ་ལས་མི་ཉམས་ཤིང་།།
249b2 འཇིག་རྟེན་མ་རྒྱལ་ཆུང་ཟད་མེད།། སངས་རྒྱས་མཐུ་རྩལ་མཐའ་ཡས་དེ།། འགྲོ་མེ་གོམ་པ་གང་གིས་དཀྲི།། གང་ལ་ཁྲིད་བྱེད་སྲེད་པ་ནི།། ཡུལ་སྲིད་དྲ་བ་དགའ་མེད་པ།། སངས་རྒྱས་སྤྱོད་ཡུལ་མཐའ་ཡས་དེ།། འགྲོ་མེད
249b3 གོམ་པ་གང་གིས་དཀྲི། ། གང་ལ་ཁྲིད་བྱེད་སྲེད་པ་ནི།། ཡུལ་སྲེད་དྲ་བ་དགའ་མེད་པ།། སངས་རྒྱས་མཐུ་རྩལ་མཐའ་ཡས་དེ།། འགྲོ་མེད་གོམ་པ་གང་གིས་དཀྲི།། གང་ཞིག་རྣམ་པར་རྟོག་པ་རྣམ་བསལ་ཅིང་།། ནང་གི་ཀུན
249b4 ལ་རྣམ་པར་རྟོག་མེད་པ། ། ཀུན་དུ་སྦྱོར་དང་གཟུགས་དང་འདུ་ཤེས་འདས།། རྣལ་འབྱོར་བཞི་དང་བྲལ་བ་སྐྱེ་བ་མེད།། སྔོན་བྲལ་ཕྱི་མ་དང་བྲལ་ཞིང་།། དབུས་བྲལ་སྲིད་པའི་ཕ་རོལ་ཕྱིན།། རྣམ་པ་ཀུན་ལས་སེམས་གྲོལ་བ།།
249b5 སྐྱེརྒ་ཕྱི་མ་འདྲེན་མི་འགྱུར།། ཕྲུགས་ཀྱི་ཚོམས་ཏེ་ཉི་ཤུ་རྩ་དགུ་པའོ།། ། རྒྱལ་བ་ལས་ནི་ལོན་བྱུང་ཞིང་།། ཕ་རོལ་ཕམ་པ་སྡུག་བསྔལ་འཐོབ།། རྒྱལ་དང་ཕ་རོལ་ཕམ་སྤངས་ན།། ཉེ་བར་ཞི་བའི་བདེ་བ་འཐོབ།། གཞན་ལ་སྡུག
249b6 བསྔལ་བསྐྱེད་པ་ཡིས། ། གང་ཞིག་བདག་ནི་བདེ་འདོད་པ།། དགྲ་དང་མི་འབྲལ་འགྲོགས་པ་དང་།། དེ་ནི་སྡུག་བསྔལ་ལས་མི་འགྲེལ།། བདེ་བ་འདོད་ཕྱིར་འབྱུང་པོ་ལ།། གང་ཞིག་འཚེ་ཞིང་ཆད་པས་གཅོད།། བདག་གི་བདེ་བ
249b7 འདོད་པ་དེ། ། ཕ་རོལ་དུ་ནི་བདེ་མི་འགྱུར།། གང་ཞིག་བདེ་བ་འདོད་པ་དག། འབྱུང་པོ་ལ་ནི་མི་འཚེ་ཞིང་།། ཆད་པས་མི་གཅོད་བདེ་འདོད་པ།། དེ་དག་ཕ་རོལ་བདེ་བ་འཐོབ།། ཆོས་སྤྱོད་ལེགས་པར་སྦྱང་བྱ་ཞིང་།། ཉེས་པར་སྤྱད
249b8 པ་དེ་མི་སྤྱོད། ། འཇིག་རྟེན་འདི་དང་ཕ་རོལ་དུ།། ཆོས་སྤྱད་པས་ནི་བདེ་བ་འཐོབ།། ཆོས་ལ་ལེགས་སྤྱོད་བདེ་སྐྱེད་པས།། ཆོས་སྤྱོད་ཆོས་ཀྱིས་བསྲུང་བར་བྱ།། ཆོས་སྤྱོད་ངན་འགྲོར་མི་འགྲོ་བ།། ཆོས་ལ་ལེགས་སྤྱོད་པན་ཡོན་དེའོ།། །




iiif viewer powered by OpenSeadragon

249a - 250a

Texts on this page

Q992 - ched du brjod pa'i tshoms