e-texts navigator
Collection
Volume
Page
Wylie

249a1 སྦྱོར་བ་གང་ཡིན་འཇོམས་བྱེད་པ།། སྦྱོར་བ་ཀུན་དང་བྲལ་བའི་ཕྱིར།། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར།། སྦྱོར་བ་ལས་ནི་སྲིད་པ་བྱུང་།། སྦྱོར་བ་མེད་པས་སྲིད་པ་ཟད་།། སྲིད་པ་དང་ནི་སྲིད་མེད་པའི།། ལམ་འདི
249a2 གཉིས་དེ་ཤེས་ཀྱིས་ལ། ། སྦྱོར་བས་རབ་ཏུ་འདའ་བྱའི་ཕྱིར།། མཁས་པས་དེ་ལ་བསླབ་པར་གྱིས།། ཉེས་པར་སྤྱད་པ་བྱས་པས་གདུང་འགྱུར་ཞིང་།། ངན་འགྲོར་སོང་བའི་འོག་ཏུའང་གདུང་བར་འགྱུར།། ལགས་པར་སྤྱད་པ་བྱས
249a3 བས་དགའ་འགྱུར་ཞིང་། དེ་འི་གྲོང་སོང་པའི་འོག་ཏུའང་དགའ་བར་འགྱུར།། བྱི་ནས་གདུང་འབྱུར་དེ་བྱེད་པས།། ཉིས་ན་ཉེས་སྤྱད་མ་བྱས་པ།། གདུང་བར་མི་འཐུར་དེ་བྱེ་སྟེ།། ལེགས་པར་སྣད་པ་བྱས་ན་དང་།། སཁས་དང་བྱིས་པ་དྲེས
249a4 པ་ལས། ། མ་སྤྲས་ཤེས་པར་མི་འགྱུར་བས།། ཞི་བའི་གོ་འཕང་སྤྲོས་ཤིག་དང་།། སྦས་པ་ཡིས་ནི་ཤེས་པར་འགྱུར།། ལེགས་བཤད་དྲང་སྲོང་རྒྱལ་མཚན་ཏེ།། དྲང་སྲོང་རྒྱལ་མཚན་ཆོས་ཡིན་པས།། ཆོས་ནི་བཤད་པས་གསལ་བྱ
249a5 ཤིང་། ། དྲང་སྲོང་རྒྱལ་མཚན་བསྒྲེད་པར་གྱིས།། མ་སྨྲས་ན་ཡང་སྨོད་བྱེད་ཅིང་།། མང་དུ་སྨྲས་ན་སྨོད་པར་བྱེད།། དལ་བུས་སྨྲས་ཀྱང་སྤོད་བྱེད་དེ།། འཇིག་རྟེན་ན་ནི་མི་སྨད་མེད།། གཅིག་ཏུ་སྨད་པར་བྱ་བ་དང་།། གཅིག་ཏུ་བསྟོད་པར་བྱ།
249a6 བའི་མི།། དེ་ལྟར་ཡོད་པ་མ་ཡིན་ཏེ།། འབྱུང་བར་མགུར་འབྱུང་མི་འགྱུར།། གང་དག་ལ་ནི་གནས་པའི་སྤྲོས་མེད་ཅིང་།། གང་དག་ཀུར་སྦྱོར་གདུད་ལས་རབ་ལོག་པ།། ཐུབ་པ་སྲེད་བྲལ་དེ་དག་རྒྱུ་མཛད་ཀྱང་།། ལྷར་བཅས་འཇིག་རྟེན
249a7 རྣམས་ཀྱིས་མི་ཤེས་སོ། ། གང་གིས་ངད་དང་ཚུལ་ཁྲིམས་དང་།། བློ་ལ་འཕན་ནི་མ་བྱུང་བར།། ཇི་ལྟ་ཇི་ལྟར་རྟོགས་གྱུར་པའི།། ཤེས་པ་ཅན་དག་སྟོང་བྱེད་དེ།། དེ་དག་སུས་ཀྱང་སྨད་འོས་མིན།། འཛམ་བུའི་གླིང་གི་གསེར་རྒྱན
249a8 བཞིན། ། ཇི་ལྟར་རི་དང་བྲག་དག་ནི།། རླུང་གིས་གཡོས་པར་མི་འགྱུར་ལྟར།། དེ་བཞིན་བསྟོད་དང་སྨད་པ་ཡིས།། མཁས་པ་རབ་ཏུ་གཡོ་བ་མེད།། ས་ལ་གང་གི་རྒྱུ་མེད་པ།། ལོ་མེད་ལྕུག་ཕྲན་ག་ལ་ཡོད།། འཆིང་བ་ལས་གྲོལ་བརྟན




iiif viewer powered by OpenSeadragon

248b - 249b

Texts on this page

Q992 - ched du brjod pa'i tshoms