e-texts navigator
Collection
Volume
Page
Wylie

247a1 སྡིག་པའི་ལས་ཅན་འཆི་བས་འཇིགས་འགྱུར་ཏེ།། ཆུ་ཆེན་ནང་དུ་གྲུང་ན་ཞིག་པ་བཞིན།། བསོད་ནམས་བྱས་ཤིང་སྡིག་པ་མ་བྱས་ལ།། དམ་པ་རྣམས་ཀྱི་སྔོན་གྱི་ཆོས་སྤྱད་པས།། ང་ནི་རྣམས་ཀྱང་འཆི་བས་འཇིགས
247a2 མེད་དེ། ། བརྟེན་པ་གྲུ་ཡིས་ཕ་རོལ་འགྲོ་བ་བཞིན།། སྡིག་པའི་ཚོམས་ཏེ་ཉི་ཤུ་རྩ་བརྒྱད་པའོ།། །། ཇི་སྲིད་ཉི་མ་མ་ཤར་བ།། དེ་སྲིད་སྲིན་བུ་མེ་ཁྱེར་སྣང་།། ཉི་མ་ཤར་བར་གྱུར་པ་ན།། སྣང་བ་མེད་ཅིང་སྔོན་པོར་འགྱུར།། ཇི་སྲིད་དེ་བཞིན
247a3 གཤེགས་མ་ཤར། ། དེ་སྲིད་རྟོག་གེ་བ་རྣམས་སྣང་།། འཇིག་རྟེན་རྫོགས་སངས་རྒྱས་ཤར་བ།། རྟོག་ཅན་ཉན་ཐོས་བཅས་མི་སྣང་།། གཅེས་མིན་གཅེས་པར་ཟློས་འཛིན་ཅིང་།། གཅེས་ལ་གཅེས་པ་མིན་རྟོག་པ།། ལོག་པར་ཀུན་རྟོག
247a4 སྤྱོད་ཡུལ་ཅན། ། དེས་ནི་གཅེས་པ་ཐོབ་མི་འགྱུར།། གཅེས་པ་མིན་ལ་གཅེས་མིན་དང་།། གཅེས་ལ་གཅེས་པར་འདུ་ཤེས་པ།། ལེགས་པར་ཀུན་རྟོག་སྤྱོད་ཡུལ་ཅན།། དེས་ནི་གཅེས་པ་འཐོབ་པར་འགྱུར།། འདི་ན་ལ་དང་ཉན་ལ་མངོན
247a5 ཞེས་པའི། ། ཚིམས་མ་གསར་དང་གསར་དུ་འཕེལ་བ་དག། འཁོར་བར་རྒྱུག་ཅིང་འགྲོ་དང་སྡོད་འགྱུར་ཏེ།། མེ་ནང་ལྷུང་བའི་ཕྱེ་མ་ལེབ་དང་འདྲ།། འདི་ལ་མྱོང་འགྱུར་གཞན་ལ་མྱོང་འགྱུར་བའམ།། འདི་ན་ཐེ་ཚོམ་ཐ་དང་ཇི་སྙེད་པ།། དེ་དག
247a6 ཚངས་པར་སྤྱད་སྤྱོད་འབད་པ་དང་། ། སེམས་པར་བྱེད་པས་རབ་ཏུ་རྣམ་པར་སྤོང་།། གང་ཞིག་སྙིགས་མ་ཡོད་བཞིན་དུ།། དུར་སྨྲིག་གོས་ནི་གྱོན་བྱེད་པ།། དུལ་དང་ངེས་པ་མེད་པ་དེ།། དུར་སྨྲིག་གྱོན་པའི་འོས་མ་ཡིན།། གང་ཞིག་ཀྱིས
247a7 མརྣམ་སྤངས་ནས། ། ཚུལ་ཁྲིམས་ལེགས་པར་མཉམ་བཞག་པ།། དུལ་དང་ངེས་པར་ལྡན་པ་དེ།། དུར་སྨྲིག་གྱོན་པའི་འིམ་ཡིན་ནོ།། གཡོ་སྐུ་འདྲུངས་དང་ལྡན་པའི་མེ།། ཁ་དོག་དང་ནི་གཟུགས་ལྡན་པའམ།། ཡང་ན་སྨྲ་བར་བྱེད་མ
247a8 གྱིས། ། པོ་མཆོག་ཡིན་པར་མི་ཆུད་དོ།། གང་ཞིག་ཆོས་གསུམ་དེ་དག་རྣམས།། ཏེ་ལའི་མགོ་བ་བཞིན་བཅད་ནས།། བློ་ལྡན་སྐྱོན་ན་བསལ་བདེ།། ཕོ་མཆོག་ཡིན་པར་བརྗོད་པར་བྱ།། འཇིག་རྟེན་འདི་ན་ལེགས་པར་མ་བསྡམས་པ།། བལ




iiif viewer powered by OpenSeadragon

246b - 247b

Texts on this page

Q992 - ched du brjod pa'i tshoms