| | e-texts navigator
|
246b1 བག་ནི་དབབ་མི་བྱ། ། རིང་བྱས་རྒྱང་རིང་བྱས་ཀྱང་བག་དབབ་ཅིང་།། དབེན་པར་བྱས་ཀྱང་བག་ནི་དབབ་པར་བྱ།། དེ་ཡི་རྣམ་སྨིན་ཡོད་པས་བག་དབབ་པ།། བདག་གིས་སྡིག་པ་བྱས་པས་མྱ་ངན་བྱེད།། རང་དང་རྒྱང་རིངབྱ
246b2 པས་མྱ་ངན་བྱེད། ། བདག་གིས་དབེན་པར་བྱས་པས་མྱ་ངན་བྱེད།། དེ་ཡི་རྣམ་སྨིན་ཡོད་པས་མྱ་ངན་བྱེད།། བདག་ཉིད་དག་པོའི་ལས་དང་ལྡན་མཐོང་ནས།། འདིར་ཡང་མྱང་རགཞན་དུལ་མྱ་ངན་བྱེད།། སྡིག་པ་བྱས་པས་ག
246b3 གས་མྱ་ངན་བྱེད། ། དེ་ནི་མྱ་ངན་དེ་རབ་མྱ་ངན་བྱེད།། བདག་གིས་བསོད་ནམས་བྱས་པས་དགའ་བར་འགྱུར།། རིང་དང་རྒྱང་རིང་བྱས་པས་དགའ་བར་འགྱུར།། བདག་གིས་དབེན་པར་བྱས་པས་དགའ་བར་འགྱུར།། དེ་ཡེ་རྣམ
246b4 སྨིན་ཡོད་པས་དགའ་བར་འགྱུར། ། བདག་ཉིད་རྣམ་དག་ལས་དང་ལྡན་མཐོང་ནས།། འདི་ན་དགའ་འགྱུར་གཞན་དུའང་དགའ་བར་འགྱུར།། བསོད་ནམས་བྱས་པས་གཉི་གར་དགའ་འགྱུར་ཞིང་།། དེ་ནི་དགའ་འགྱུར་དེ་རབ་དགའ
246b5 བར་འགྱུར། ། བདག་གིས་སྡིག་པ་བྱས་པས་གདུང་འགྱུར་ཞིང་།། རིང་བྱས་རྒྱང་རིང་བྱས་པས་གདུང་བར་འགྱུར།། བདག་གིས་དབེན་པར་བྱས་པས་གདུང་འགྱུར་ཞིང་།། དེ་ཡི་རྣམ་སྨིན་ཡོད་པས་གདུང་བར་འགྱུར།། བདག
246b6 ཉིད་ནག་པོའི་ལས་དང་ལྡན་མཐོང་ནས། ། འདི་ན་གདུང་འགྱུར་ཕ་རོལ་གདུང་བར་འགྱུར།། སྡིག་པ་བྱས་པས་གཉི་གར་གདུང་འགྱུར་ཞིང་།། དེ་ནི་གདུང་འགྱུར་དེར་བ་གདུང་བར་འགྱུར།། བདག་གིས་བསོད་ནམས་བྱས་པས་དག
246b7 འགྱུར་ཞིང་། ། རིང་བྱས་རྒྱང་རིང་བྱས་པས་དགའ་བར་འགྱུར།། བདག་གིས་དབེན་པར་བྱས་པས་དགའ་འགྱུར་ཞིང་།། དེ་ཡི་རྣམ་སྨིན་ཡོད་པས་དགའ་བར་འགྱུར།། བདག་ཉིད་དཀར་པོའི་ལས་དང་ལྡན་མཐོང་ནས།། འདི་ན་དག
246b8 འགྱུར་ཕ་རོལ་དགའ་བར་འགྱུར། ། བསོད་ནམས་བྱས་པ་གཉི་གར་དགའ་འགྱུར་ཞིང་།། དེ་ནི་དགའ་འགྱུར་དེ་རབ་དགའ་བར་འགྱུར།། སྡིག་པ་བྱས་ཤིང་བསོད་ནམས་མ་བྱས་ལ།། ཚེས་དང་གོལ་ཞིང་ཆོས་མིན་ཐོབ་པའི་མི།།
iiif viewer powered by OpenSeadragon
246a - 247a