e-texts navigator
Collection
Volume
Page
Wylie

245b1 ག། །། ། ཨུ།། གས་ན་ཨཱ། དྷཱ་། དག
245b2 པའི་ཆོས་རྣམས་སྡུག་བྱེད་དེ། ། རླུང་གིས་ལྡན་ཤིང་ལོ་མ་བཞིན།། གང་གིས་སྐྱེས་བུདག་ཅིང་ཉོན་མོངས་མེད།། རབ་ཏུ་སྡང་མེད་མིལ་ཁྲོ་བྱད་པའི།། བྱིས་པད་ལ་སྡིག་པ་ཕྱིར་འགོག་སྟེ།། རྗེ་ཕྱོགས་སུ་ནི་རྡུལ་རྣམས་།
245b3 བ་བཞིན།། དགེ་བ་བྱེད་པས་དགེ་པ་དང་།། སྡིག་པ་བྱེད་པས་སྡིག་པ་སྟེ།། མི་ཡིས་གང་དང་ག་དབྱས་པ།། དེ་དེ་རང་གིས་མཐོང་བར་འགྱུར།། བདག་གིས་སྡིག་པ་བྱས་ན་ནི།། དེ་བདག་ཁོ་ན་ཀུན་ཉོན་མངས།། བདག་གིས
245b4 སྡིག་པ་མ་བྱས་ན། ། བདག་ཉིད་ཁོ་ན་རྣམ་པར་དག། གཞན་གྱིས་གཞན་སྤྱོད་མི་བྱེད་ཀྱི།། དག་དང་མ་དག་རང་རང་བྱེད།། བདག་ཉིད་ཀྱིས་ནི་སྡིག་པ་དག། བྱས་ཤིང་ཉེ་བར་བསགས་པ་ཡིས།། བསམ་བརླག་མངོན་དུ
245b5 འཇོམས་པར་བྱེད། ། རྡོ་རྗེས་ནོར་བུ་འབིགས་པ་བཞིན།། མིག་ལྡན་འགྲོ་བར་བྱེད་པ་ཡིས།། ཉམ་ངའི་ལམ་དག་ཇི་ལྟ་བར།། མཁས་པས་འཚོ་བའི་འཇིག་རྟེན་འདིར།། སྡིག་པ་དག་ནི་ཡོངས་སུ་སྤང་།། ནོར་ཆེན་གྱིས
245b6 ནི་གྲོགས་ཉིད་དང་། ། ཚེད་པས་འཇིགས་བཅད་ལ་མདང་ནི།། གསོན་པར་འདོད་པས་དུག་ལྟ་བུར།། མཁས་པས་སྡིག་ཅན་ཡོངས་སུ་སྤང་།། གལ་ཏེ་ལག་མཐིལ་རྨ་མེད་ན།། ལག་པས་དུག་ནི་བཟུང་བྱས་ཀྱང་།། མེ་མེད
245b7 དུག་ནི་མི་འཛིན་ལྟར། ། མ་བྱས་པ་ལ་སྡིག་པ་མེད།། བདག་ལ་མི་ཕན་བྱ་བ་དང་།། ལེགས་པར་མ་ཡིན་བྱ་བར་སྭ།། གང་དག་ཕན་ཞིང་བདེར་འགྱུར་བ།། དེ་ནི་མཆོག་ཏུ་བྱ་བར་དགའ།། དམ་པས་ལེགས་པ་བྱ་སླ་ཡི།། དམ
245b8 པས་སྡིག་པ་བྱ་བར་དཀའ། ། ངན་པས་སྡིག་པ་བྱ་སྭ་ཡི།། འཕགས་པས་སྡིག་པ་བྱ་བར་དཀའ།། ཇི་སྲིད་སྡིག་པ་མ་སྨིན་པ།། དེ་སྲིད་བྱིས་པ་མངར་བར་སེམས།། གང་ཚེ་སྡིག་པ་སྨིན་གྱུར་པ།། དེ་ཚེད་ནི་ཚ་བར




iiif viewer powered by OpenSeadragon

245a - 246a

Texts on this page

Q992 - ched du brjod pa'i tshoms