| | e-texts navigator
|
242a1 འདིན་བརྩོན་འགྲུས་ཞེན་པ་དང་།། བློ་ཆང་ཤེས་པ་མེད་པ་ཡིས།། མདུད་པ་ཐམས་ཅད་རབ་གཏུབས་པའི།། མྱ་ངན་འདས་པ་ཐོབ་མི་འགྱུར།། ཁྱོད་ཀྱིས་གྲཝ་འདིའི་ཆ་ཕྱགས་དང་།། འདི་མི་ཡང་བར་འགྱུར་བལྟར།
242a2 དེ་བཞིན་ཞེ་སྡང་འདོད་ཆགས་སྤངས།། དེ་ནས་མྱ་ངན་འདས་པ་འཐོབ།། སྔོན་ཆད་བྱུང་བ་མི་འབྱུང་ཞིང་།། མབྱུང་བ་དག་འབྱུང་བར་འགྱུར།། མབྱུང་འབྱུང་བར་མི་འགྱུར་ལ།། ད་ལྟར་བྱུང་བའང་ཡོད་མ་ཡིན།། བལྟ་ཀའ་།
242a3 མེད་བདེར་མི་མཐོང་།། བདེན་པ་རབ་རྟོགས་ཤེས་པ་དང་།། སྲེད་དང་འགའ་བ་མེད་མཐོང་བ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། སྲེད་པ་རྣམས་ནི་བཅད་པ་དང་།། འདོད་ཆགས་རབ་ཏུ་སྤངས་པ་དང་།། མཚོ་བ་སྐམས་ནས
242a4 ནི་མི་འབབ་པ། ། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། ལུས་ཞིག་ཚོར་བ་བསིལ་བར་གྱུར།། འདུ་ཤེས་འགག་ཅིང་འདུ་བྱེད་ནི།། རྣམ་པར་ཤེས་པ་ནུབ་གྱུར་པ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། ལྟབས་མཐོང་བར
242a5 གྷར་ཙམ་དང་། ། ཉན་པས་ཐོས་པར་གྱུར་པ་ཙམ།། རྟོགས་པར་བྱེད་པས་རྟོགས་ཙམ་དང་།། རྣམ་པར་ཤེས་པས་རྣམ་ཤེས་ཙམ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། འདི་དང་མ་དང་གདུངས་རབ་གདུངས།། འདི་འདྲ
242a6 འདི་ནི་སྡུག་བསྔལ་མཐའ། ། མ་རེ་མ་དགའ་ར་བ་ཞེ་དང་།། ཀུན་ཏུ་འདོད་ཆགས་བྲལ་གྱུར་པ།། འདི་འདྲ་འདི་ནི་སྡུག་བསྔལ་མཐའ།། རྟེན་པ་ཡོད་པས་སྤྱོད་པར་འགྱུར།། སྤྱོད་པ་ཡོད་པས་གཞོལ་བར་འགྱུར་རོ།། གཞོལ
242a7 ཡོད་པས་ཤིན་དུ་མ་སྦྱངས་པར་འགྱུར་རོ། ། ཤིན་དུ་མ་སྦྱངས་པ་ཡོད་པས་འགྲོ་བ་དང་འོང་བར་འགྱུར་རོ།། འགྲོ་བ་དང་འོང་བ་ཡོད་པས་གཞན་དུ་ཤི་འཕོ་ལེན་པར་འགྱུར་རོ།། གཞན་དུ་ཤི་འཕོ་བླངས་པས་འདི་ལྟར་གཞན
242a8 དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྒྲ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་འབྱུང་ཞིང་འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འབྱུང་བར་འགྱུར།
iiif viewer powered by OpenSeadragon
241b - 242b