e-texts navigator
Collection
Volume
Page
Wylie

241b1 ན་ཇུག་། ན་། ལྡན་ང་ག་།
241b2 6། མ་མཆོག་པཅོ་ལྡན་རྫོབཟངས་བསྙེན་པར་གྱིས།། མངའ་བ་ཤེས་ཀྱི་ཆོམས་ཤཱུནལ་པ་ལ།། ངས་སྩལ་དང་ག་ལོག་པར་ཡན་ལགསཔ། དགེ་སློང་མེད་ཀྱིནམ་རྟགནང་བསླུས་ནས། ན་པ་མེད་ང་གནན
241b3 མེད་པར། ། མྱ་ན་འདས་ལ་སུ་ཡང་སྲེད་མི་བྱེད། ཟོད་པ་ད།། ཐབ་མཆོགས་བཟོད་པ་ན།། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་།། རབ་ཏུ་བྱུང་བ་གཞན་ལ་འཚོ་བ་ནི།། གཞན་ལ་གདོད་པས་དགེ་སྡང་མ་ཡིནན།
241b4 ཚིག་རྔུབ་ཅི་ཡང་སྒྲ་མི་ཨུ0f7f།། སྨྲས་ན་སླར་ཡང་སྨྲ་བར་བྱེད།། འཐབ་གཟུགས་ཚིག་གིས་སྡུག་བསྔལ་ཞིང་།། དེ་ལ་ཕྱིར་ཡང་ཆད་པས་གཅོད།། གལ་ཏེ་བདག་གིས་པར་བྱས་ན།། ཁར་བའི་སྣོད་ལ་བརྡུངས་པ་བཞིན།། འཁོར་བར
241b5 སྐྱེ་དང་རྒ་བ་དག། ཡུན་རིང་ཉམས་སུ་མྱོང་བར་འགྱུར།། བདག་གིས་པར་ནི་མ་བྱས་དང་།། ཁར་བའི་སྣོད་ལ་མ་བརྡུངས་ལྟར།། འདི་ལྟར་ཐབ་མོ་མི་འགྱུར་ཞིང་།། མྱ་ངན་འདས་པ་ཐོབ་པར་འགྱུར།། ནད་མེད་སྙད་པའི་དམ་པ་སྟེ།།
241b6 ཚིག་ཤེས་པ་ནི་ནོར་གྱི་དབྱིག། ཡིད་གཙུགས་པ་ཤེས་པའི་མཆོག་ཡིན་ཏེ།། མྱ་ངན་འདས་པ་བདེ་བའི་ཕུལ།། འདུ་བྱེད་སྡུག་བསྔལ་མ་རུངས་པ།། ནད་ཀྱི་ནང་ན་བཀྲེས་མི་བཟད།། དེ་ལྟར་ཇི་བཞིན་ཤེས་ན་ནི།། མྱ་ངན་འདས་པ
241b7 མཆོག་ཏུ་འགྱུར། ། བདེ་འགྲོར་འགྲོ་བ་ཉུང་ཟད་དེ།། ངན་འགྲོར་འགྲོ་བ་བསམ་ཡས་ཤིག། དེ་ལྟའི་ཉེས་དམིགས་རྟོགས་གྱུར་ན།། མྱུར་དུ་མྱ་ངན་འདས་པ་འཐོབ།། བདེ་འགྲོར་འགྲོ་བ་རྒྱུ་དང་བཅས།། ངན་འགྲོར་འགྲོ་བ་རྒྱུ་དང་ལྡན།།
241b8 མྱ་ངན་འདས་འགྲོ་རྒྱུ་ཅན་ཏེ།། དེ་དག་ཐམས་ཅད་རྒྱུད་དང་བཅས།། ནགས་ཚལ་མཆོག་ཏུ་རི་དགས་འགྲོ།། མཁའ་ལ་བྱ་རྣམས་འགྲོ་བར་བྱེད།། ཆོས་ལ་རྣམ་པར་བསྒོམས་འགྲོ་སྟེ།། དགྲ་བཅོམ་མྱ་ངན་འདས་པར་འགྲོ།།




iiif viewer powered by OpenSeadragon

241a - 242a

Texts on this page

Q992 - ched du brjod pa'i tshoms