e-texts navigator
Collection
Volume
Page
Wylie

241a1 མ་བསྟན་། ། མཁས་པས་རྣམ་པ་བསྟན་རྫས་ལ།། ག་པ་ལ་མ་རྫུ་འབྲང་ན། ག་སྔལ་བདཔ་དེ་བ་གྱུར། ས་པས་དེ་ད་གསོན་། ངས་པ་སློད་ས་ཋཱ།། དམ།
241a2 ཆོས་ཤེས་མི་འགྱུར་ཏེ།། གཟར་བུས་ཆོད་མའི་རོ་བཞིན་ནོ།། ཤེས་རབ་ལྡན་པས་ཡུད་ཙམ་ཞིག། མཁས་པ་ཉེ་བར་བསྟན་པས་ཀྱང་།། དེ་ཡས་ཆོས་རྣམས་ཤེས་འགྱུར་ཏེ།། ལྕེ་ལས་ཚོད་མའི་ར་བཞིན་ནོ།། བྱས་པས
241a3 གསོན་པར་དུ། ། གལ་ཏེ་མཁས་པ་བསྟེན་བྱས་ན།། དེ་ལ་མིག་ནི་མེད་པའི་ཕྱིར།། ཆོས་རྣམས་ཤེས་པར་མི་འགྱུར་རོ།། ཤེས་རབ་ལྡན་པས་ཡུད་ཙམ་ཞིག། མཁས་པ་ཉེ་བར་བསྟེན་པས་ཀྱང་།། དེ་ལ་མིག་ནི་ཡོད་པའི་ཕྱིར།། ཆོས་རྣམས
241a4 རབ་ཏུ་ཤེས་པར་འགྱུར། ། བྱིས་པས་ཇི་སྲིད་གསོན་པར་དུ།། གལ་ཏེ་མཁས་པ་བསྟེན་བྱས་ཀྱང་།། རྫོགས་སངས་རྒྱས་ཀྱི་བསྟན་པ་ཡི།། ཆོས་རྣམས་དེ་ཡིས་ཤེས་མི་འགྱུར།། ཤེས་རབ་ལྡན་པས་ཡུད་ཙམ་ཞིག། མཁས་པ་ཉེ་བར
241a5 བསྟེན་པས་ཀྱང་། ། རྫོགས་སངས་རྒྱས་ཀྱི་བསྟན་པ་ཡི།། ཆོས་རྣམས་དེ་ཡིས་ཤེས་པར་འགྱུར།། དོན་ལྡན་ཚིག་ནི་གཅིག་གིས་ཀྱང་།། མཁས་པ་ཡི་ནི་བྱ་བ་བྱེད།། སངས་རྒྱས་ཀུན་གྱི་གསུང་གིས་ཀྱང་།། བྱིས་པའི་བྱ་བ་བྱེད་མི
241a6 འགྱུར། ། བློ་དང་ལྡན་པ་ཚིག་གཅིག་གིས།། ཚིག་བརྒྱ་དག་ནི་ཤེས་པར་འགྱུར།། བྱིས་པ་ལ་ནི་ཚིག་སྟོང་གིས།། ཚིག་གཅིག་ཤེས་པར་མི་འགྱུར་རོ།། ཉིས་ན་མཁས་དང་མི་མཛའ་སློབ།། བྱིས་པ་རྣམས་དང་མཛའ་མི་རུང་།། བྱིས།
241a7 པ་རྣམས་དང་མཛའ་བྱེད་པ།། སེམས་ཅན་དམྱལ་བར་ཁྲིད་པར་བྱེད།། བྱིས་པ་གང་ཞིག་བྱིས་པའོ་ཞེས།། ཤེས་པ་དེ་འདིར་མཁས་པ་ཡིན།། བྱིས་པ་གང་ཞིག་མཁས་སེམས་པ།། དེ་ནི་བྱས་པ་ཞེས་བརྗོད་དོ།། བྱས་པས་བསྟོད
241a8 པ་གང་ཡིན་དང་། ། མཁས་པས་སྨད་པ་གང་ཡིན་ལས།། མཁས་པས་སྨད་པ་ཆེས་རུང་གི། བྱིས་པས་བསྟོད་པ་མི་རུང་ངོ་།། བྱིས་པ་བསྟན་པ་སྡུག་བསྔལ་ཞིང་།། རྣམ་པ་ཀུན་དུ་དགྲ་འདྲ་བས།། བྱིས་པ་མི་ཐོས་མི་མཐོང་ཞིང་།།




iiif viewer powered by OpenSeadragon

240b - 241b

Texts on this page

Q992 - ched du brjod pa'i tshoms