e-texts navigator
Collection
Volume
Page
Wylie

240b1 བྲམ་ཅན་དག་དང་། ། མཁས་པས་ཤེས་པར་མི་བྱ་ཞིང་།། སྡིག་ཅན་མི་དང་འགྲོགས་མི་བྱ།། དང་ལྡན་སྙན་པར་སྒྲུབ་དང་།། ཐོས་མེད་ཚུལ་ཁྲིམས་ལྡན་པ་དང་།། མཁས་པ་ཡིས་ནི་མཛའ་བ་ཞིང་།། མི་མཆོག་དང་ནི་འགྲོགས་པ
240b2 སྡིག་པའི་གྲོགས་པོ་མི་བསྟེན་ཅིང་། ། སྲས་བུ་དམ་པ་བསྟེན་མེ་བྷ།། དགེ་བའི་བཤེས་གཉེན་བསྟེན་བྱ་ཞིང་།། སྒྲས་བུ་དམ་པ་བསྟན་པར་བྱ།། དེ་ལྟ་བུ་དག་བསྟན་བྱས་ན།། སྡིག་པར་མི་འགྱུར་ལེགས་པར་འགྱུར།། གང་དག།
240b3 ཐོས་མེད་གནས་མེད་སེམས་པ་དང་།། དད་དང་ཤེས་རབ་ལྡན་དེ་མི་ཡིས་བསྟེན།། འདིར་ནི་དེ་ཡིས་ལེགས་སྨྲས་མཉན་བྱས་ན།། རིང་པོ་ནས་ཀྱང་ཁྱད་པར་ཐོབ་པར་འགྱུར།། དམན་པ་བསྟེན་པས་མི་ངག་ཉམས་འགྱུར་ཞིང་།།
240b4 བདཀར་བབ་པ་བསྟན་པས་སོན་གནས།། གཙོ་བོ་བསྟན་པས་དམ་པ་འཐོབ་འགྱུར་བ།། དེ་ཕྱིར་བདག་པས་གཙོར་གྱུར་བསྟན་པར་བྱ།། ཚུལ་ཁྲིམས་ཉེ་བར་ཞི་བ་དང་།། ཤེས་རབ་ཆོས་མཆོག་ལྡན་པ་ཡི།། གཙབ་ག
240b5 ཡིན་དེ་བསྟན་ན། ། གཙོ་བོ་བས་ཀྱང་ཆེས་གཙོར་འཁྲུག་མ་ཡིས་འདིན་ཉ་དུལ་ལ།། ཀུ་ཤའི་གཙང་བྱེད་བཅིངས་པ་གང་།། ཀླ་ག་ཉིད་ཀྱང་དུལ་འགྱུར་བ།། སྡིག་པ་བསྟན་པ་འདི་དེ་བཞིན་འགྱུར། མི་ཡིས་རྒྱ་སྨོས་པ་ལ་།
240b6 ལོ་མར་བུ་མ་བྱས་པ་གང་།། ལོ་མ་ཉིད་ཀྱང་དྲི་ཞིམ་པ།། དམ་པ་བསྟེན་པའང་དེ་བཞིན་འགྱུར།། གལ་ཏེ་སྡིག་པ་བྱེད་པ་དག། སྡིག་མི་བྱེད་པས་བསྟེན་ན་ཡང་།། སྡིག་པ་བྱེད་པར་དོགས་སྐྱེ་ཞིང་།། མི་སྙན་པ་ཡང་འཕེལ་བར
240b7 འགྱུར། ། བསྟན་བྱ་མ་ཡིན་བསྟན་པའི་མེ།། ད་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར།། དང་བར་དྲུག་བསྐུས་མངའ་བཅུག་པས།། དུག་མ་བསྡུས་པའང་གོས་པ་བཞིན།། བརྟན་པ་སྐྱོན་གོས་འཇིགས་པ་དག། སྡིག་པ་ཅན་དང་བཤས
240b8 ཨོཾཿ། དེག་གྲོགས་པབསྟན་པ་དང་། ཀ་ཉ་བར་བསྟན་བྱས་པ། སྟན་བྱ་དོན་ཅི་འདྲ་བར། བ་མཐིགས་དེ་འདང་འགྱུར།། དེ་བས་འབྲས་བུའི་སྣང་བཞིན་དུ།། བདག་གིས་བསྙེན་པ་ཤེས་པ་ཡིས། དམ་པ་མ་མ




iiif viewer powered by OpenSeadragon

240a - 241a

Texts on this page

Q992 - ched du brjod pa'i tshoms