| | e-texts navigator
|
238b1 ཀྱིས་བདག་རེང་ལེགས་དུལ་བ།། བདག་ཉིད་དུལ་བས་དགའ་བར་འགྱུར།། བདག་གི་དོན་ཕྱིར་གཞན་དོན་ནི།། མང་པོ་དག་ཀྱང་གཏད་པར་བྱ།། བདག་དོན་ཆེད་ཆེར་ཤེས་གྱུར་ན།། རང་གདོན་གྱི་བ་གཏུ་འགྱུ་།། བདག་ཉིད་བང
238b2 གི་མགོན་ཡིན་གྱི། ། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི།། མཁས་པས་དོན་རྣམས་འཐོབ་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་བཀོན་དུ་འགྱུར།། བདག་ཉིད་བདག་གི
238b3 མགོན་གྱུར་པའི། ། མཁས་པས་ཆོས་རྣམས་འཐོབ་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་བུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི།། མཁས་པས་གྲགས་པ་འཐོབ་པར་འགྱུར།། བདག་ཉིད།།
238b4 བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པའི།། མཁས་པས་བདེ་བ་འཐོབ་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བད།།
238b5 གི་མགོན་གྱུར་པའི།། མཁས་པས་བདེ་འགྲོ་ཐོབ་པར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། ཡུན་རིང་མཐོ་རིས་དགའ་བར་འགྱུར།། བདག་ཉིད
238b6 བདག་གི་མགོན་ཡིན་གྱི། ། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པ།། གཉེན་གྱི་ནང་ན་ལས་མིར་འབར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད
238b7 བདག་གི་མགོན་གྱུར་པ། ། མྱ་ངན་ནད་ན་གདུང་མི་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། འཆིང་བ་ཐམས་ཅད་གཅོད་པར་འགྱུར།། བདག་ཉིད
238b8 བདག་གི་མགོན་ཡིན་གྱི། ། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག་ཉིད་བདག་གི་མགོན་གྱུར་པས།། ངན་འགྲོ་ཐམས་ཅད་སྤོང་བར་འགྱུར།། བདག་ཉིད་བདག་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། བདག
iiif viewer powered by OpenSeadragon
238a - 239a