| | e-texts navigator
|
238a1 བྷ་ཡིས་དྲང་དུ་རུང་།། གལ་ཏེ་ནང་ནི་ནས་ཤེས་ཤིང་།། ཕྱི་རོལ་དག་ཀྱང་མཐོང་གྱུར་པ།། བསྟན་པ་དེས་འཐུང་ཤེས་རབ་ཅན།། དེ་ནས། ཡིས་དྲང་དུ་རུང་།། རྣབས་བལ་ཆེན་ཐོས་པ་དང་།། བིག་གིས་མང་པོ་མཐོང་ན་ཡང་།
238a2 བསྟན་པ་མཐོང་ཟོས་དེ་ཀུན་གྱིས།། ཡིད་ཆེས་བྱ་བའི་མི་རིགས་སོ།། ལེགས་གསུངས་ཐོས་པ་སྙིང་པོར་ཤེས་པ་དང་།། ཏིང་ངེ་འཛིན་དག་སྙིང་པོར་ཤེས་ཀུར་ཀྱང་།། གང་ཞིག་བག་མེད་དྲང་པོར་བྱེད་པ་དག།། ཐོས་དང་ཤེས་པ་དོན་ཆེན
238a3 མི་འགྱུར་རོ། ། གང་ཞིག་འཕགས་པས་བསྟན་པའི་ཆོས་དགའ་ཞིང་།། དེ་བཞིན་ལུས་དང་ངག་གིས་སྤྱོད་བྱེད་པ།། དེ་དགྲ་བཟོད་ལྡན་འགྲོགས་དགའ་དབང་པོ་བསྡམས།། ཐོས་དང་ཤེས་པའི་ཕ་རོལ་ཕྱིན་པ་འཐོབ།། ཐོས་པའི་ཆོམས
238a4 ཉི་ཤུ་གཉིས་པའོ། ། །། ལེགས་པར་གསུངས་ལ་བསླབ་བྱ་ཞིང་།། དགེ་སློང་ལ་ནི་བསྙེན་བཀུར་དང་།། དབེན་པ་དང་ནི་སྟན་གཅིག་དང་།། སེསས་ནི་ཉེ་བར་ཞི་བར་བྱ།། སྟན་གཅིག་མལ་སྟན་གཅིག་པ་དང་།། གཅིག་པུ་སྙོམས་ལས
238a5 མེར་སྤྱོད་ཅིང་། ། གཅིག་པུ་ནགས་ཚལ་གནས་པ་དང་།། གཅིག་པུས་བདག་ཉིད་གདུལ་བར་བྱ།། གང་ཞིག་སྟོང་ཕྲག་སྟོང་དག་གི། མི་ཡི་གཡུལ་ལས་རྒྱལ་བ་བས།། གང་ཞིག་བདག་ལས་རྒྱལ་བྱེད་པ།། དེ་ནི་མི་ཡི་གཡུལ་ལས་རྒྱས།
238a6 རྟག་ཏུ་སྡོམ་པ་སྤྱོད་པ་ཡི།། མི་ཡིས་བདག་བརྟུལ་གཅིག་པུ་ཡིས།། བདག་ཉིད་ལས་རྒྱ་མཆོག་ཡིན་གྱི།། སྐྱེ་དགུ་གཞན་ལྟ་བལ་བར་ཟད།། ཤེས་རབ་ཀྱིས་གནས་དགེ་སློང་གིས།། རྒྱལ་བར་བྱས་ལ་བདུད་དང་ནི།། ཚངས་པར
238a7 བཅག་པས་བམ་མི་ནུས། ། ལྷ་ཡིས་མ་ཡིན་དྲི་ཟས་མིན།། བདག་ཉིད་དང་པོར་རིག་པར་གནས་བྱས་ནས།། བྱི་ནས་གཞན་དག་བདག་བཞིན་གདུལ་བར་བྱ།། བདག་ཉིད་དང་པོར་རིགས་པར་གནས་བྱན།། བྱི་དུས་འདུལ
238a8 མཁས་པ་ཉོན་མ་མོངས། ། བདག་ལ་ཇི་ལྟར་བྱས་པ་བཞིན།། གཞན་དག་ལ་ཡང་དེ་ལྟར་བྱ།། བདག་ཉིད་དུལ་ཞི་བ་ཡིས།། གཞན་དག་བདེ་བར་གདུལ་བར་བྱ།། བདག་ལ་ཇི་ལྟར་བྱས་པ་བཞིན།། གཞན་དག་ལ་ཡང་དེ་ལྟར་།
iiif viewer powered by OpenSeadragon
237b - 238b