e-texts navigator
Collection
Volume
Page
Wylie

237b1 དག་ལ། ། མཚན་མོའི་ནད་པ་བཞིན་དུ་བྱེད།། ཇི་ལྟར་ཁྱིམ་ནི་ལེགས་གཡོས་པ།། མུན་པས་ཁེབས་པའི་ནང་ཞུགས་ན།། གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི།། མིག་ལྡན་བཞིན་དུ་མི་མཐོང་བ།། དེ་བཞིན་འདི་ན་རིགས་སྐྱེས
237b2 བའི། ། མི་ནི་བློ་གྲོས་ལྡན་གྱུར་ཀྱང་།། སྡིག་པ་དང་ནི་དགེ་བའི་ཆོས།། མ་ཐོས་བར་དུ་ཤེས་མི་འགྱུར།། མིག་ལྡན་མར་མེ་ཡོད་པ་ཡིས།། གཟུགས་རྣམས་མཐོང་བ་ཇི་ལྟ་བར།། དེ་བཞིན་དགེ་དང་སྡིག་པའི་ཆོས།། ཐོས་པས་རྣམ་པ།
237b3 ཤེས་པར་འགྱུར།། ཐོས་པས་ཆོས་རྣམས་རྣམ་པར་ཤེས།། ཐོས་པས་སྡིག་ལས་ལྡོག་པར་འགྱུར།། ཐོས་པས་དོན་མེད་སྤོང་བར་བྱེད།། ཐོས་པས་མྱ་ངན་འདས་པ་འཐོབ།། གལ་ཏེ་ཐོས་པ་མང་གྱུར་ཀྱང་།། ཚུལ་ཁྲིམས་ལེགས་པར
237b4 མི་སྡོམ་ན། ། དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང་།། དེ་ཡི་ཐོས་པ་ཕུན་སུམ་མིན།། གལ་ཏེ་ཐོས་པ་ཕུང་གྱུར་ཀྱང་།། ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་ན།། དེ་ནི་ཚུལ་ཁྲིམས་ཕྱིར་བསྔགས་ཤིང་།། དེ་ཡི་ཐོས་པ་ཕུན་སུམ་འགྱུར།། གང་ཤི།
237b5 ཐོས་པ་ཉུང་བ་དང་།། ཚུལ་ཁྲིམས་ལེགས་པར་མི་སྡོམ་པ།། དེ་ནི་གཉི་གའི་ཕྱིར་སྨད་ཅིང་།། དེ་ཡི་བརྟུལ་ཞུགས་ཕུན་སུམ་མིན།། གང་ཞིག་མང་དུ་ཐོས་པ་དང་།། ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་པ།། དེ་ནི་གཉི་གའི་ཕྱིར་བསྔགས།
237b6 ཤིང་།། དེ་ཡི་བརྟུལ་ཞུགས་ཕུན་སུམ་འགྱུར།། ཐོས་པ་མང་ཞིང་ཆོས་འཛིན་དང་།། ཤེས་རབ་ལྡན་ཞིང་མཉམ་བཞག་པ།། དེ་དག་སུས་ཀྱང་སྨད་འོས་མིན།། འཛམ་བུའི་གླིང་གི་གསེར་རྒྱན་བཞིན།། གང་ཞིག་གཟུགས་ཀྱིས་རྗེས
237b7 དཔོན་ཅིང་། ། ལ་སྐྲ་ཡིས་འཇལ་བྱེད་པ།། འདུན་པའི་འདོད་ཆགས་ལྡན་པ་ཡི།། སྐྱེ་བོ་དེ་ཡིས་དམི་ཤེས།། གལ་ཏེ་ནང་ནི་རྣམ་ཤེས་ཤིང་།། ཕྱི་རོལ་མཐོང་བར་མ་གྱུར་ན།། ནང་གི་འབྲས་བུ་མཐོང་བ་གང་།། དེ་ནི་སྠ་ཡིས་དྲང་དུ་ཧཱ།།
237b8 གལ་ཏེ་ཕྱི་རོལ་མཐོང་བུར་ཅིང་།། དང་ནི་ཤེས་པར་མགུར་ན།། ཕྱི་རོལ་འབྲས་བུ་མཐོང་བགང།། ད་ནི་ཨུ0f88ུ0f90་ཡིས་དྲང་དུ་རུང་།། གལ་ཏེ་ནང་ཡང་མི་ཤེས་ཤིང་།། ཕྱི་རོལ་མཐོང་བར་མགྱུར་ན། བྱིས་པ་ཀུན་ནས་བསྒྲིབས་པ་དག། དོན།




iiif viewer powered by OpenSeadragon

237a - 238a

Texts on this page

Q992 - ched du brjod pa'i tshoms