e-texts navigator
Collection
Volume
Page
Wylie

236b1 ཟོལ་བའི། ། མཁས་པ་རྣམས་ལ་ཁྲོ་བ་མེད།། ཁྲོ་བ་མེད་ལ་འཚོ་མེད་ལ།། འཕགས་པའི་སྐྱེ་བོས་རྟག་བསྟེན་ཀྱང་།། སྐྱེ་བོ་སྡུག་ཅན་ཁྲོ་བ་དག། རི་བོ་བཞིན་དུ་སྐུར་བར་བྱེད།། གང་ཞིག་ཁྲོ་བ་བྱུང་བ་དང་།། ཤིང་རྟ་འ་ཁྱམས་ལས
236b2 འདིན་བྱེད་དོ། ། འདུལ་སྟོད་མཁན་དུ་དས་གསུངས་ཀྱི།། ཞག་འདེགས་སྐྱེ་བོ་བལ་པ་ཡིན།། ཁྲོ་བའི་ཚོམས་ཏེ་ཉི་ཤུ་བའོ།། ། སྡོམ་ལ་དགེ་སྦྱོང་ལམ་དང་བཀུར་སྟི་དང་།། ལ་བུ་དང་ལྔ་པ་དྲན་པ་སྟེ།། སིལ་བུ་དག་དང་ཆུ་དང་ནི།། མེ་ཏོག།
236b3 ཁྲོ་བ་བཅུ་པའོ།། ། འཇིག་རྟེན་འདི་ན་ཀུན་རིག་ཀུན་ཟིལ་གནོན།། འདི་ན་ཆོས་རྣམས་ཀུན་གྱིས་མ་གོས་ཤིང་།། ཀུན་སྤངས་སྲེད་ཟད་རབ་ཏུ་རྣམ་གྲོལ་བ།། ཉིད་ཀྱིས་མངོན་མཁྱེན་པ་ལ་སུ་ཡོཡིས་བསྟན།། དེ་བཞིན་གཤེགས
236b4 པལྷ་མིའི་སྙན་པ་སྟེ། ། སྟོབས་རྣམས་ཀུན་ལྡན་ཐམས་ཅད་མཁྱེན་པ་ར།། བྱང་ཆུབ་བརྙེས་ནས་ཉིད་ཀྱིས་རབ་བསྟན་པ།། མཚུངས་མེད་མཉམ་མེ་དད་ལ་སུ་ཡིས་བསྟན།། ད་ནི་འཇིག་རྟེན་དགྲ་བཅོམ་སྟེ།། འཇིག་རྟེན་དག་ན་བླ་མེད
236b5 དང་། ། ལྷ་དང་བཅས་པའི་འཇིག་རྟེན་ན།། བདུད་རྣམས་ཟིལ་གནོན་རྒྱལ་བ་དང་།། པ་དང་འདྲ་བ་མེད་པས་ན།། དེ་ལ་སློབ་དཔོན་སུ་ཡང་མེད།། འཇིག་རྟེན་འདི་ན་གཅིག་པུ་ཡིས།། རྫོགས་པའི་བྱང་ཆུབ་བླ་མེད་བརྙེས།། གང་ཞིག་ཟག་པ
236b6 ཟད་བརྙེས་པ། ། རྒྱལ་བར་འདྲར་ཤེས་པར་གྱིས།། སྡིག་པའི་ཆོས་ལས་ང་རྒྱལ་བས།། དེ་བས་ཉེ་འགྲོ་ང་རྒྱལ་བ།། འཇིག་རྟེན་ཡུལ་སྲེད་རྒལ་བ་ཡི།། ཀུན་མཁྱེན་སངས་རྒྱས་མྱ་ངན་འདས།། འཇིག་རྟེན་པ་ལ་མ་བསྟན་པར།།
236b7 ཀུན་ནས་འབྱུང་བ་མི་ཤེས་པས།། བ་ར་ན་སེར་སོང་ནས་སུ།། ངས་ནི་ཆོས་ཀྱི་རྔ་བརྡུང་ཞིང་།། འཇིག་རྟེན་སུས་ཀྱང་མ་བསྐོར་བའི།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ།། དཔའ་བོ་དེ་བཞིན་གཤེགས་པ་རྣམས།། འདི་ན་ཆོས
236b8 ཀྱིས་འདྲལ་བར་མཛད། ། དེ་དག་ཆོས་ཀྱིས་བཏུལ་བ་ལ།། མཁས་པ་སུ་ཡང་སྨོད་མི་བྱེད།། བརྟན་གང་ཏིང་འཛིན་ལ་ཞུགས་ཤིང་།། དེས་འབྱུང་ཞི་ལ་དགའ་བ་དང་།། སུ་ཡི་ཐ་མ་འཛིན་པ་ཡི།། རྫོགས་པའི་སངས་རྒྱས་གྲགས་ལྡན




iiif viewer powered by OpenSeadragon

236a - 237a

Texts on this page

Q992 - ched du brjod pa'i tshoms