e-texts navigator
Collection
Volume
Page
Wylie

236a1 སྐབས་རྒྱད་རྣམས་ཀྱི་ཅ་བྱེད་པ།། དེནི་བཟད་པ་མཆག་ཅེས་གསུངས།། ཉམ་ཆུད་པ་ལ་རྟག་ཏུ་སྩ་པ། གཞན་གྱིས་ལྷག་པར་བརྒྱད་པ། ག་ཀྱང་།། སྟོབས་ལྡན་གང་ཡིན་པར་བྱེད་པ།། ངན་པཟང་བར
236a2 མཆོག་ཅེས་གསུངས། ། ཉམ་ཆུང་བ་ལྟ་རྟག་ཏུ་སྐུར།། གཞན་གྱིས་ལྷག་པར་སྨད་བྱས་ཀྱང་།། སྟོབས་ལྡན་གང་ཞིག་བཟོད་བྱེད་པ།། དེ་ནི་བཟོད་པའི་མཆོག་ཅེས་གསུངས།། ཉམ་ཆུང་བ་ལྟ་རྟག་ཏུ་སྦྱར།། གང་ཞིག་ཕ་རོལ
236a3 ཁྲོས་རིག་ནས། ། བདག་ཉིད་ཉེ་བར་ནི་བྱེད་པ།། དེ་ནི་བདག་དང་གཞན་དག་གི། འཇིགས་ཆེན་དག་ལས་སྐྱོབ་པ་ཡིན།། གང་ཞིག་ཕ་རོལ་ཁྲོས་རིག་ནས།། བདག་ཉིད་ཉེ་བར་ཞི་བྱེད་པ།། དེ་ནི་བདག་དང་གཞན་དག་གི། གཉི་གའི་དོན
236a4 ནི་སྤྱོད་པ་ཡིན། ། བདག་ཉིད་དང་ནི་གཞན་དག་དང་།། གཉི་གའི་དོན་ནི་སྤྱོད་དེ་ལ།། སྐྱེ་བོ་ཆོས་ལ་མི་མཁས་རྣམས།། བྱིས་པ་ཡིན་ཞེས་སེམས་ཀྱང་བླ།། གཙོ་བོའི་ཚིག་ནི་འཇིགས་ཕྱིར་བཟོད་བྱེད་དང་།། འཐབ་ཟླའི་ཚིག་ནི་འཐབ
236a5 གཟུགས་ཆུ་བཟོད་པས། ། གང་ཞིག་དམན་པའི་ཚིག་ལ་བཟོད་བྱེད་དེ།། བཟོད་པའི་མཆོག་ཅེས་དམ་པས་རབ་ཏུ་གསུངས།། བྱིས་པ་ཁྲོས་ནས་ཚིག་རྩུབ་དག། སྨྲས་ནས་རྒྱལ་བར་འགྱུར་སྙམ་སེམས།། གང་ཞིག་ཚིག
236a6 དག་བཟོད་བྱེད་པ། ། དེ་ནི་རྟག་ཏུ་རྒྱལ་བ་ཡིན།། བདེན་པར་སྨྲ་བྱ་ཁྲོ་མི་བྱ།། སློང་ལ་ཆུང་ཡང་སྦྱིན་པར་བྱ།། རྣམ་པ་འདི་གསུམ་གནས་ཀྱིས་ནི།། ལྷ་ཡི་གནས་སུ་འགྲོ་བར་འགྱུར།། ཁྲོ་བའི་ཟིལ་གྱིས་ནོན་པའི་མིས།།
236a7 གི་དོན་ཀྱང་མི་རྟོགས་པས།། འཁོར་གྱི་ནང་དུ་བག་རྐྱོད་ལ།། ཁྲོ་བ་མེད་པའི་ཚིག་སྨོས་ཤིག། གང་ཞིག་ཁྲོས་ལ་སླར་ཁྲོ་བ།། དེ་ནི་སྡིག་པ་ཅན་འགྱུར་བས།། བྲོས་ལ་སླར་ནིམ་ཁྲ་དང་།། ཐུབ་པར་དཀའ་བའི་གཡུལ་ལྔ་རྒྱལ།
236a8 ཁྲོ་བ་མེད་པས་ཁྲོ་བ་ཐུབ།། ལེགས་པས་ལེགས་པ་མ་ཡིན་ཐུབ།། སྦྱིན་པ་ཡིས་ནི་འཇུངས་པ་ཐུབ།། བདེན་པས་བདེན་པ་མ་ཡིན་ཐུབ།། དུལ་ཞིང་རིགས་པས་འཚོ་བ་དང་།། ཁྲོ་བ་མེད་པ་ག་ལ་ཁྲོ།། ཡང་དག་ཤེས་པས་རྣམ




iiif viewer powered by OpenSeadragon

235b - 236b

Texts on this page

Q992 - ched du brjod pa'i tshoms