e-texts navigator
Collection
Volume
Page
Wylie

235a1 བྱེད་རྗེ་བཞིན་དུ། ། དད་པ་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་།། ཆོས་རྣམས་རྣམ་པར་གཏན་ལ་འབེབས་ལྡན་ཞིང་།། དབང་པོ་མཉམ་བཞག་བཟོད་ལྡན་འགྲོགས་བདག།། སྐྱོབ་པར་རྣམས་སྲིད་པ་མལུས་སྤོང་།། ཇི་ལྟ་།
235a2 ཏབཟངས་ལྷག་གིས་གནས་པ་ན།། སྐྲག་ཅིང་ཐུགས་དྲག་འགྲོ་བྱེད་ཇི་བཞིན་དུ།། དད་པ་ཚུལ་ཁྲིམས་ཏིང་འཛིན་ལྡན་པ་དང་།། ཆོས་རྣམས་རྣམ་པར་གཏན་ལ་བབས་ལྡན་ཞིང་།། རིག་དང་རྐང་པར་ལྡན་ཞིང་དྲན་ལྡན་པའི།། སྣོ་རྣམ
235a3 སྡུག་བསྔལ་མ་ལུས་སྤོང་བར་མཛད། ། འདུལ་སྤྱོང་བྱེད་པས་ལེགས་བཏུལ་རྟ་ལྟ་བུར།། གང་ཞིག་དབང་པོ་ལེགས་པར་སྡོམ་པ་ཡིས།། ཁྲོ་བ་སྤོང་ཞིང་ཟག་པ་ཟད་བྱེད་པ།། ཐུབ་དེ་རྣམས་ཀྱིས་ལྷ་ཡི་བར་དུ་མྱོང་།། བག་ཡོད་པ་ཡིས
235a4 བག་མེད་དང་། ། མི་ཉལ་མང་པོས་གཉིད་ལོག་དང་།། རྟ་བཟངས་གིས་ནི་རྟ་རྒོད་ལྟར།། ཤིན་ཏུ་མཁས་པས་སྤངས་ནས་འགྲོ།། རྟ་བཟངས་ལ་ནི་ལྷག་བཞིན་དུ།། གང་ཞིག་ངོ་ཚ་ཤེས་སྟན་ཅིང་།། ཤེས་རབ་ལེགས་པར་མཉམ་བཞག
235a5 པ། ། དེས་ནི་སྡིག་པ་སེལ་བར་བྱེད།། དུལ་བ་འདུན་སར་འགྲོ་བྱེད་ཅིང་།། དུལ་བ་རྒྱལ་པོ་ལྷག་པར་ཞོན།། གང་ཞིག་ཚིག་ངན་བཟོད་བྱེད་པ།། དུལ་བ་མི་ཡི་ནང་ན་མཆོག། གླང་པོའི་ནང་ན་གླང་ཆེན་དང་།། སིན་དུའི་ཅང་ཤེས་རྟ་དང་ནི།། དྲེའུ
235a6 འདུལ་བད་པ་གང་ཡིན་པ། ། དེ་བས་བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་འདྲལ་གང་ཡིན་པའི།། མཁས་དེས་ཞི་འཐོབ་འགྱུར་གྱི།། བཞོན་པ་དེ་དག་རྣམས་ཀྱིས་ནི།། ས་མངོན་པར་འཐོབ་མ་སྲིད།། གླང་པོའི་ནང་ན་གླང་ཆེན
235a7 དང་། ། སིན་དྲའི་ནང་ཤེས་རྟ་དང་ནི། དེའུ་འདུལ་བྱེད་པ་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་འདུལ་དྲན་ལྡན་གང་།། དེས་ནི་སྡུག་བསྔལ་མཐར་བྱིན་གྱིས།། བཞོན་པ་དེ་དག་རྣམས་ཀྱིས་ནི།། ས་དེ
235a8 མངོན་པར་འཐོབ་མི་སྲིད། ། གླང་པོའི་ནང་ན་གླང་ཆེན་དང་།། སིན་དུའི་ཅང་ཤེས་རྟ་དང་ནི།། དྲེའུ་འདུལ་བྱེད་པ་གང་ཡིན་པ།། དེ་བས་བདག་ཉིད་འདུལ་བ་མཆོག། བདག་ཉིད་ལེགས་འདུལ་དྲན་ལྡན་གང་།། དེས་ནི་འགྲོ་རྣམས་སྤོང




iiif viewer powered by OpenSeadragon

234b - 235b

Texts on this page

Q992 - ched du brjod pa'i tshoms