e-texts navigator
Collection
Volume
Page
Wylie

234b1 བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། ། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ།། ལུས་འདི་དབུ་བ་འདྲ་བར་རྟོགས་བྱས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་ཅུ་འདྲང
234b2 ཤེས་ནས། ། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ།། འཇིག་རྟེན་འདི་དག་དབུ་བ་འདྲར་རྟོགས་ཤིང་།། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས།། བདུད་ཀྱི་མེ་ཏོག་མཆོག
234b3 ནི་འདིར་གཅོད་པ། ། འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ།། སྲིད་ལ་ཨུ་དུམ་པརའི་མེ་ཏོག་ལྟར།། སྙིང་པོ་མེད་པར་སེམས་པའི་དགེ་སློང་གང་།། ད་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་ས་སྦྲུལ་རྒས་ལྤགས་རྙིང་རྗེབ
234b4 བཞིན། ། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། འདོད་ཆགས་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན།། ཆུ་སྐྱེས་རྩ་བཱི་མེ་ཏོག་ཆུ་གནས་ལྷའི།། ཞེ་སྡང་མ
234b5 ལུས་གཅོད་བྱེད་དགེ་སློང་གང་། ། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། གཏི་མུག་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ
234b6 རོལ་པོ། ། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། ང་རྒྱལ་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན།། ཆུ
234b7 སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྟའི། ། ཆགས་པ་མ་ལུས་གཅོད་བྱེད་དགེ་སློང་གང་།། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོང་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན།། ཆུ་སྐྱེས་རྩ་བའི་མེ་ཏོག་ཆུ་གནས་ལྷའི།། སྲེད་པ་མ་ལུས
234b8 གཅོད་བྱེད་དགེ་སློང་གང་། ། དེ་ནི་ཕ་རོལ་མིན་པའི་ཕ་རོལ་པོ།། སྤོད་སྟེ་སྦྲུལ་རྒས་ལྤགས་རྙིང་རྗེ་བ་བཞིན།། མེ་ཏོག་གི་ཚོམས་ཏེ་བཅཝ་བརྒྱད་པའོ།། །། ཇི་ལྟར་རྟ་བཟངས་ལྷག་སེགས་གཞུས་པ་ན།། སྐྲག་ཅིང་ཤུགས་དྲག་འགྲོ




iiif viewer powered by OpenSeadragon

234a - 235a

Texts on this page

Q992 - ched du brjod pa'i tshoms