e-texts navigator
Collection
Volume
Page
Wylie

234a1 xxx། xxx
234a2 དོག་དྲིལ་མི་གནོད་པར། ། ཁུ་བ་བཞི་པས་ནས་འཕུར་བ་ལྟར།། དེ་བཞིན་ཐུབ་པ་གྲོང་དུ་རྒྱུ།། གཞན་གྱི་སྐྱོན་ལ་མི་བརྟག་ཅིང་།། གཞན་གྱི་བྱས་དང་མ་བྱས་མིན།། བདག་ཉིད་ཀྱིས་ནི་རིགས་པ་དང་།། མི་རིགས་པ་ལ་བརྟག
234a3 པར་བྱ། ། ཇི་ལྟར་ཕྱག་དང་ཕུང་པོ་དག། མི་གཙང་ཆུ་ནི་མེད་འདི་ལས།། པད་མ་ལ་བྱེ་གཙང་བ་དང་།། དྲི་ཞིམ་ཡིད་འོད་རབ་སྐྱེས་ལྟར།། དེ་བཞིན་སོ་སོའི་སྐྱེ་བོ་དག། ལྗོངས་གྱུར་བྱག་དང་བུང་འདི་ལས།། རྫོགས་སངས་རྒྱས
234a4 ཀྱི་ཉན་ཐོས་དག། ཤེས་རབ་ཀྱིས་ནི་གསལ་བ་འབྱུང།། ཇི་ལྟར་མེ་ཏོག་ཕུང་པོ་ལས།། མེ་ཏོག་ཕྲེང་རྒྱུད་མད་བྱེད་ལྟར།། དེ་བཞིན་མིར་ནི་སྐྱེས་པ་ཡིས།། དགེ་བ་ཕལ་ཆེན་རྣམས་ཀྱང་བྱ།། ཇི་ལྟར་དབྱར་ཀ་བ་ཀུ་ལའི།། མེ་ཏོག
234a5 རབ་ཏུ་རྣམ་འཕྲུལ་ལྟར། ། དེ་བཞིན་དགེ་སློང་འདོད་ཆགས་དང་།། ཞེ་སྡང་གཏི་མུག་སྤང་བར་གྱིས།། མི་ཡི་ཡིད་ལ་རྣམ་ཆགས་དང་།། མེ་ཏོག་བཞིན་དུ་རབ་བསགས་པ།། འཆི་བདག་གིས་ནི་བླངས་ནས་འགྲོ།། ཉལ་གྲང་ཆུ་བོས
234a6 བདམ་པ་བཞིན། ། མི་ཡི་ཡིད་ལ་རྣམ་ཆགས་དག། མེ་ཏོག་བཞིན་དུ་རབ་བསགས་པ།། འདོད་པ་རྣམས་ཀྱིས་མི་དོམས་ཤིང་།། འཆི་བདག་གིས་ནི་དབང་དུ་བྱེད།། མི་ཡི་ཡིད་ལ་རྣམ་ཆགས་དག། མེ་ཏོག་བཞིན་དུ་རབ་བསཐ།
234a7 པ།། ལོངས་སྤྱོད་སྐྱེ་བར་མི་འགྱུར་ཞིང་།། འཆི་བདག་གིས་ནི་དབང་དུ་བྱེད།། མི་ཡི་ཡིད་ལ་རྣམ་ཆགས་དག། མེ་ཏོག་བཞིན་དུ་རབ་བསགས་པ།། བྱ་བ་མཐར་ནིམ་ཕྱིན་པར།། འཆི་བདག་གིས་ནི་དབང་དུ་བྱེད།། ལུས་འདི་ཕུང་པོ
234a8 འདྲ་བར་རྟོགས་བྱས་ཤིང་། ། དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲང་ཤེས་ནས།། བདུད་ཀྱི་མེ་ཏོག་མཆོག་ནི་འདིར་གཅོད་པ།། འཆི་བདག་རྒྱལ་པོས་ལྟར་ཡང་མེད་པར་འགྲོ།། འཇིག་རྟེན་འདི་དག་བུད་བ་འདྲར་རྟོགས་ཤིང་།། དེ




iiif viewer powered by OpenSeadragon

233b - 234b

Texts on this page

Q992 - ched du brjod pa'i tshoms