e-texts navigator
Collection
Volume
Page
Wylie

231a1 འཁོར་ཡངས་པ་སྤངས་པའི་རྒྱལ་པོ་ལྟར།། གཅིག་པུས་སྤྱད་བྱ་སྡིག་པ་མི་བྱའོ།། བདག་དང་འཐུན་པར་སྤྱོད་པ་ཡི།། གྲོགས་བཟངས་རྙེད་པར་མ་གྱུར་ན།། བྱིས་པ་གྲོགས་སུ་མི་འགྱུར་བས།། གཅིག་པུས
231a2 སྤྱོད་པ་བརྟན་པར་བྱ། ། བྱིས་པ་གྲོགས་སུ་མི་འགྱུར་བས།། གཅིག་པུ་སྤྱོད་པར་བྱེད་བླ་བས།། མ་ཏད་དགོན་པའི་གླང་པོ་ལྟར།། སེམས་ཁྲལ་བསྙུངས་ཏེ་གཅིག་པུ་སྤྱད།། འཁུ་བའི་ཆོམས་ཏེ་བཅུ་བཞི་པའོ།། །། སངས
231a3 རྒྱས་ཀྱིས་ནི་བསྟན་པ་བཞིན། ། གང་ཞིག་དབུགས་དབྱུང་རྔུབ་དྲན་པ།། ཡོངས་སུ་རྫོགས་པར་ལེགས་བསྒོམས་པས།། རིམ་གྱིས་ཡོངས་སུ་བྱང་གྱུར་ཏེ།། སྤྲིན་བྲལ་ཉི་མ་ཟླ་བ་ལྟར།། འཇིག་རྟེན་འདི་ན་ཀུན་ནས་གསལ།། འགྲེང་དང་།
231a4 འདུག་དང་དེ་བཞིན་ཉལ་བ་དང་།། ལུས་དང་དེ་བཞིན་སེམས་ནི་འཇོག་བྱེད་ཅིང་།། དགེ་སློང་དྲན་པ་དེ་ལེགས་འཇོག་པ་ན།། སྔ་ཕྱིའི་ཁྱད་པར་རྣམས་ནི་ཐོབ་པར་འགྱུར།། སྔ་ཕྱིའི་ཁྱད་པར་རྣམས་ནི་ཐོབ་གྱུར་ན།། འཆི་བ་དག་རྒྱལ་པོས
231a5 བལྟར་ཡང་མེད་པར་འགྲོ། ། ལུས་རྟོགས་དྲན་པ་ཉེ་བར་བཞག་ནས་སུ།། རེག་པའི་སྐྱེ་མཆེད་དྲུག་ནི་བསྡམ་བྱས་ཏེ།། གང་ཞིག་རྟག་ཏུ་མཉམ་པར་འཇོག་བྱེད་པ།། དེ་དག་ཉིད་ཀྱིས་མྱ་ངན་འདས་པ་རྟོགས།། གང་ཞིག་རྟག་ཏུ
231a6 རྣམ་པ་ཐམས་ཅད་དུ། ། ལུས་གཏོགས་དྲན་པ་ཉེ་བར་འཇོག་བྱེད་པ།། བདག་ཉིད་མེད་ཅིང་བདག་གིར་འཛིན་པ་མེད།། བདག་ཏུ་མི་འགྱུར་བདག་གིར་འཛིན་མི་འགྱུར།། དེ་ལྟར་དགེ་སློང་མཉམ་འཇོག་མྱུར་དུ་ནི།། ཡུལ་ལ
231a7 སྲེད་པ་དག་ལས་རྒལ་བར་འགྱུར། ། གང་ཞིག་དྲན་དང་ཤེས་བཞིན་མཉམ་འཇོག་དང་།། དགའ་དང་རབ་ཏུ་དད་པས་དུས་དུས་སུ།། ཆོས་འདི་ལ་སྤྱོད་མེལ་ཙེ་བྱེད་པར།། སྟརྒ་རྣམས་ལས་རྒལ་བར་འགྱུར་ཞེས་གསུང་།། དེ་ལྟས
231a8 རྟག་ཏུ་མེལ་ཙེ་བྱེད་སྟོན་ཅིང་། ། དགེ་སློང་མཁས་པ་དྲན་ལྡན་བརྩོན་པ་ཡིས།། སྐྱེ་བ་ཀུན་དུ་སྦྱོར་བ་སྤངས་ནས་སུ།། དེས་ནི་འདི་ལ་མྱ་ངན་འདས་པ་འཐོབ།། གཉིད་ལོག་དེ་དག་སད་པར་བྱེད་པ་ཡི།། མེལ་ཙེ་བདག་ལས་ཁྱོད་ཉན




iiif viewer powered by OpenSeadragon

230b - 231b

Texts on this page

Q992 - ched du brjod pa'i tshoms