| | e-texts navigator
|
229b1 ཀུན་ནས་རྡུལ་ལངས་ཆར་གྱིས་མནན་པ་ལྟར།། དེ་ནས་རྟོག་དང་སྤྱོད་པ་ཞི་བར་བྱ།། དེ་ནས་སེམས་ལ་རྣམ་རྟོག་ཉེར་ཞི་ནས།། བླ་མེད་བྱང་ཆུབ་བདེ་ལ་རེག་པར་འགྱུར།། ཏིང་ཛིན་གསུམ་པོ་རྣམས་ལ་ཡིད་གཏད་ཅིང་།། བདེན་པ་ལས་སྐྱེས་ཚད་མེད།།
229b2 བསྒོམ་པར་བྱ།། དྲན་ལྡན་མཁས་པས་མདུད་པ་བཞི་བྱ་ཞིང་།། གསུམ་པོ་རྣམས་ཀྱིས་གནས་གསུམ་རབ་ཏུ་དྲལ།། ཤེས་རབ་མཚོན་དང་བརྩོན་འགྲུས་སྟོབས་དང་ལྡན།། ངན་ལྡན་མཉམ་བཞག་ཏིང་འཛིན་ལ་དགའ་བས།། འཇིག་རྟེན་སྐྱེ་དང་འཇིག་པར།།
229b3 རྟོགས་ནས་ནི།། ཀུན་ལས་རབ་ཏུ་རྣམ་གྲོལ་དེ་རིག་ཡིན།། འཇིག་རྟེན་ཐའ་མ་ལེགས་པར་རྟོགས་གྱུར་ནས།། འཇིག་རྟེན་མཐར་སོན་ཕ་རོལ་ཕྱིན་ཅེས་བརྗོད།། གང་གིས་ཞི་བ་འཕགས་ལམ་ཡན་ལག་བརྒྱད།། ལམ་དྲང་བསྒོམས་པ་དེས།
229b4 ནི་བདུད་རྩི་སྙེད།། དེ་ལྟར་སྤྱོད་པས་བདེ་འདོད་བདེ་བ་འཐོབ།། སྙན་པ་འཐོབ་ཅིང་གྲགས་པ་འཕེལ་བར་འགྱུར།། ལམ་གྱི་ཚེམོས་ཏེ་གཅུ་གཉིས་པའོ།། ཆེད་ཏུ་བརྗོད་པའི་ཚོམས།། བམ་པོ་གཉིས་པ།། དྲེའུ་མོ་རང་གི་མངལ་གྱིས་དང་། འདམ་བུ
229b5 སྨིག་མ་འབྲས་བུ་དང་། ། ཆུ་ཤིང་འབྲས་བུས་ཕུང་བ་ལྟར།། ཕོབ་ཤལ་བཀུར་སྟིས་ཕུང་བར་འགྱུར།། ཇི་སྲིད་བློ་ན་པོ་མཆོད་བྱས་པ།། དེ་སྲིད་རབ་ཏུ་བརླག་པར་འགྱུར།། བྱིས་པའི་དཀར་པོའི་ཆ་འགྲིབ་ཅིང་། དེའི་སྤྱི་བོའང་ངེས་པར་ཉམས།།
229b6 ངན་པ་རྙེད་པར་འདོད་པ་དང་།། དགེ་སློང་འཁོར་ནི་འདོད་པ་དང་།། གནས་ལ་སེར་སྣ་བྱེད་པ་དག། རིགས་གཞན་དག་གིས་མཆོད་པ་དང་།། རབ་ཏུ་བྱུང་དང་ཕྱི་མ་པ་དག། གང་ཡང་རུང་བས་བདག་འཕྲིགས་ཏེ།། བྱ་བ་བྱས་རུང་མ་བྱས་རུང་།། བདག
229b7 དབང་གྱུར་ནེར་སྟེས་ཞེ། ། དེ་ལྟར་བྱིས་པ་ཀུན་རྟོག་ན།། སེམས་ལ་འདོད་ཆེན་འཕེལ་བར་འགྱུར། རྙེད་པའི་ཐབས་ནི་གཞན་ཡིན་ལ།། མྱ་ངན་འདས་འགྲོའི་གཞན་ཡིན་ཞེས།། དེ་ལྟར་ཅི་རིགས་ཤེས་ནས་སུ།། བཀུར་སྟི་དག་ལ་མི་དགའ
229b8 ཞིང་། ། དབེན་པ་རིམ་གྱིས་འཕེལ་བྱེད་པའི།། དགེ་སློང་སངས་རྒྱས་ཉན་ཐོས་ཡིན།། ཐམས་ཅད་ལ་ནི་མི་རྩོལ་ཞིང་།། མི་ཡིས་འཕྲིགས་པར་མ་གྱུར་དང་། འཚེ་བ་གཞན་ལ་མི་རྟེན་ཅིང་།། ཆོས་ལ་ཆོད་པ་བཞིན་མི་སྤྱོད།། རང
iiif viewer powered by OpenSeadragon
229a - 230a