e-texts navigator
Collection
Volume
Page
Wylie

229a1 ཀྱིས་མཐོང་ག་གང་ཚེ་སྡུག་བསྔལ་ལས་ཡིད་འབྱུང་། ། ལམ་འདི་རྣམ་པར་དག་པར་འགྱུར།། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར།། གང་ཚེ་ཤེས་རབ་ཀྱི་མཐོང་བ།། དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་།། ལམ་འདི་རྣམ་པར
229a2 དག་པར་འགྱུར། ། འདུ་བྱེད་ཐམས་ཅད་སྟོང་ཉིད་དུ།། གང་ཚེ་ཤེས་རབ་ཀྱིས་མཐོང་བ།། དེ་ཚེ་སྡུག་བསྔལ་ལས་ཡིད་འབྱུང་།། ལམ་འདི་རྣམ་པར་དག་པར་འགྱུར།། འདུ་བྱེད་ཐམས་ཅད་བདག་མེད་པར།། གང་ཚེ་ཤེས་རབ་ཀྱིས་མཐོང་།
229a3 དེ་ཚེ་སྡུག་སྔལ་ལས་ཡིད་འབྱུང་།། ལ་མ་འདི་རྣམ་པར་དག་པར་འགྱུར།། སྲེད་པའི་ཟུག་རྔུགཅོད་བྱེད་ལམ།། དེས་ནི་བྱེད་ཅག་རྣམས་ལ་བསྟན།། དེ་བཞིན་གཤེགས་པ་སྟོན་པ་སྟེ། ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ།། སྲེད་པའི་ཟུག་རྔུ་སེལ་བའི
229a4 ལམ། ། ངས་ནི་ཁྱེད་ཅག་རྣམས་ལ་བསྟན། དེ་བཞིན་གཤེགས་པ་སྟོན་པ་སྟེ།། ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ།། ལྟ་བ་རྣམ་པར་དག་བྱེད་པ།། ལམ་འདི་མ་གཏོགས་གཞན་མེད་པས།། ཏིང་ངེ་འཛིན་ལ་རབ་གནས་ཏེ།། བདུད་ཀྱི་འཆིང་བ་སྤང་བར་གྱིས།།
229a5 འདི་ནི་དྲང་ལམ་འདི་ནི་ཕ་རོལ་གནོན།། མཚོལ་དད་པའི་སྲད་ལྟར་བགྲོད་པ་གཅིག། ཤཱཀྱ་ཐུབ་པས་མཉམ་བཞག་གང་རྟོགས་ནས།། ཚོགས་ལ་ཡང་དང་ཡང་དུ་བཤད་པ་འདི།། སྐྱེ་ཤིའི་མཐའ་རྟོགས་ཕན་མཛད་ཐུགས་བཙེ་བས།། བགྲོད་པ་གཅིག་ལ་རྟག
229a6 ཏུ་བསྟན་མཛད་པའི། ། ལམ་འདིས་ཆུ་བོ་རྣམས་ལས་སྔོན་རྒལ་ཞིང་།། དེ་བཞིན་རྒལ་བར་འགྱུར་ཞིང་རྒལ་བར་མཛད།། ཤིན་དུ་མཐར་གཟུག་གདུལ་བྱ་དག་བྱ་དང་།། འཁོར་བའི་སྐྱེ་ཤི་ཟད་པར་བྱ་བ་དང་།། ཁམས་རྣམས་བུ་མ་སོ་སོར་རྟོགས་བྱིའི་ཕྱིས
229a7 སྤྱན་དང་ལྡན་པས་ལམ་འདི་རབ་ཏུ་བསྟན། ། ཇི་ལྟར་ཆུ་ཀླུང་གང་གཱའི་ཆུ་རྒྱུན་བཞུགས།། རྒྱ་མཚོའི་ནང་དུ་འབབ་པར་འགྱུར་བ་ལྟར།། དེ་བཞིན་ཤེས་རབ་ཡངས་པས་བསྟན་པའི་ལམ།། འདི་ནི་འཆི་མང་ཐོབ་པར་བྱ་ཕྱིར་འཇུག། གང་ཞིག་འབྱུང་བ
229a8 ཀུན་ལ་ཐུགས་བརྩེ་བས། ། སྔོན་ཆད་མཐོས་ཆོས་ཀྱི་འཁོར་ལོ་བསྐོར།། སྐྱོབ་པ་ལྷ་དང་མི་རྣམས་འདུལ་མཛད་པ།། སྲིད་པའི་མཐར་ཕྱིན་དེ་ལ་ཕྱག་འཚལ་ལོ།། རྣམ་རྟོག་དགེ་བ་གསུམ་ནི་བརྟག་བྱ་ཞིང་།། དགེ་བ་མ་ཡིན་གསུམ་ཡང་རྣམ་པར་སྤངས།།




iiif viewer powered by OpenSeadragon

228b - 229b

Texts on this page

Q992 - ched du brjod pa'i tshoms