e-texts navigator
Collection
Volume
Page
Wylie

225b1 མ་འགྲོ་སྟེ། ། ཕྱོགས་རྣམས་ཀུན་དུ་མི་མཆོག་དྲི་ཡིས་ཕྱག་རྒྱ་སྤོས་དང་ནི་ཙན་དན་དང་།། ཨུད་པ་ལ་དང་མ་ལི་ཀི། སྤོས་ཀྱི་རིགིས་ནི་འདི་ག་པས། ཚུལ་ཁྲིམས་དྲི་བསྲུང་ཕུལ་དུ་ཕྱིག། རྒྱ་སྤོས་ཙན་དན་གང་ཡིན་པའི།། ཇི་སུང་འདི་ནི་ཆུང་ངུ་མ།། ཚུལ
225b2 ཁྲིམས་ལྡན་པའི་དྲི་བསུང་གང་། ། དེས་ནི་འདི་དང་མཐོང་རིས་ཁྱབ།། དེ་ལྟར་བག་ཡོད་གནས་བྱ་ཞིང་།། ཚུལ་ཁྲིམས་རྣམ་པར་རིག་པར་བྱ།། ཡང་དག་ཤེས་པས་རྣམ་གྲོལ་ན།། བདུད་ཀྱི་ལམ་ནི་རྙེད་མི་འགྱུར།། འདི་ནི་བདེ་བར་འགྲོ་ལམ
225b3 རྣམ་པར་དག་བྱེད་ལམ་འདི་ལ། ། རབ་ཏུ་ཞུགས་ཏེ་སྒོམས་ནས་ཀྱང་།། བདུད་ཀྱི་འཆིང་བ་སྤང་བར་གྱིས།། ཚུལ་ཁྲིམས་ཀྱི་ཚེམས་ཏེ་དྲུག་པའོ།། ལུས་ཀྱི་ཉེས་པར་སྤྱོད་སྤངས་ཤིང་།། ལུས་ཀྱི་ལེགས་སྤྱད་སྤྱོད་པའི་ཕྱིར།། ལུས་ཀྱི་ཉེས་ཆེན་ལས
225b4 བསྲུངས་ན། ལུས་ནི་བསྡམ་པར་བྱས་པར་འགྱུར།། ངག་གི་ཉེས་པར་སྤྱོད་སྤངས་ཤིང་། ངག་གི་ལེགས་སྤྱད་སྤྱོད་པའི་ཕྱིར།། ངག་གི་ཉེས་ཆེན་ལས་བསྲུངས་ན། ངག་ནི་བསྡམ་པ་བྱས་པར་འགྱུར།། ཡིད་ཀྱི་ཉེས་པར་སྤྱོད་སྤངས་ཤིང་།། ཡིད་ཀྱི
225b5 ལེགས་སྤྱད་སྤྱོད་པའི་ཕྱིར། ། ཡིད་ཀྱི་ཉེས་ཆེན་ལས་བཟུངས་ན།། ཡིད་ནི་བསྡམས་པ་བྱས་པར་འགྱུར།། ལུས་ཀྱི་ཉེས་པར་སྤྱོད་སྤང་ཞིང་།། ངག་གི་ཉེས་པར་སྤྱོད་པ་སྤང་། ཡིད་ཀྱི་ཉེས་པར་སྤྱོད་སྤང་ཞིང་།། སྐྱོན་གཞན་ལྡན་པ་གང་ཡིན
225b6 སྔ། ལུས་ཀྱི་དགེ་བ་རྣམས་བྱ་ཞིང་།། ངག་གི་དགེ་བ་པད་ཆེན་བྱ།། ཡིད་ཀྱི་དགེ་བ་རྣམས་བྱ་ཞིང་།། ཚད་མེད་བཞི་དང་ལྡན་པར་བྱ།། ལུས་ཀྱི་དགེ་བ་རྣམས་བྱ་ཞིང་།། ངག་དང་ཡིད་ཀྱིས་བྱས་ན་ནི།། འདི་དང་ཕ་རོལ་དག་ཏུ་ཡང་། རྟག།
225b7 ཏུ་བདེ་བ་ཐོབ་པར་འགྱུར།། རྟག་ཏུ་ལུས་ནི་བསྡམས་པའི་ཕྱིར།། ཐུབ་པ་འཚོ་བ་མེད་པ་ཡིན།། དེ་ནི་འཆི་མེད་གནས་འགྲོ་ཞིང་།། གང་དུ་སོང་ཞིང་མྱ་ངན་མེད།། རྟག་ཏུ་ངག་ནི་བསྡམས་པའི་ཕྱིར། ཐུབ་པའི་ཚེ་བ་མེད་པ་ཡིན།། དེ་ནི་འཆི་མེད་གནས་འགྲོ་ཞིང་།།
225b8 གང་དུ་སོང་ནའང་མྱ་ངན་མེད། རྟག་ཏུ་ཡིད་ནི་བསྣམས་པའི་ཕྱིར།། ཐུབ་པ་འཚེ་བ་མེད་པ་ཡིན།། དེ་ནི་འཆི་མེད་གནས་འགྲོ་ཞིང་།། གང་དུ་སོང་ནའང་མྱ་ངན་མེད།། བརྟན་པ་རྣམས་ཀྱིས་ལུས་བསྡམ་ཞིང་བརྟན་པ་རྣམས་ཀྱིས་དག་ཀྱང་བསྡ་མ།།




iiif viewer powered by OpenSeadragon

225a - 226a

Texts on this page

Q992 - ched du brjod pa'i tshoms