| | e-texts navigator
|
223b1 ལའཇིགས་ལྟ་བས། ། མྱ་ངན་འདས་དང་ཉེ་བའི་ཕྱིར།། ཡོངས་སུ་ཉམས་འགྱུར་མི་སྲིད་དོ།། བརྩོན་འགྲུས་ལྡན་ཞིང་བག་ཡོད་དང་།། ཆོས་སྤྱོད་ལེགས་པར་སྤྱོད་བྱེད་པ།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། ཆོས་སྤྱོད་པས་ནི་བདེ་བ
223b2 འཐོབ། ། ཞི་ཕྱིར་བསླབ་པ་ལ་རྟེན་དང་།། རྩོལ་བ་དང་ནི་བརྩོན་འགྲུས་བསྐྱེད།། མི་དྲན་པ་དང་བག་མེད་དང་།། བརྩོན་འགྲུས་ཆུང་དང་ཀུན་སྡོམ་མེད།། གཉིད་དང་སྙོམ་དང་གཡང་བ་སྟེ།། འདི་དག་བསླབ་པའི་བར་ཆད་པས།། ཁྱེད་ཀྱིས
223b3 ཡན་ལག་དེ་རྟོགས་ལ། ། དྲན་པ་ཆུད་ནི་མ་གཟན་ཅིག། དགེ་སློང་ཚུལ་ཁྲིམས་བཟང་བ་དང་།། བག་ཡོད་པ་ལ་དགའ་བ་ཡིས།། ཀུན་རྟོག་ལེགས་པར་མཉམ་ཞོག་སྟེ།། རང་གི་སེམས་ནི་རྗེས་སུ་སྲུངས།། བརྩམ་པར་བྱ་ཞིང་འབྱུང་བར།།
223b4 བྱ།། སངས་རྒྱས་སྟན་ལ་འཇུག་པར་བྱ།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན།། འཆི་བདག་སྡེ་ནི་གཞོམ་པར་བྱ།། གང་ཞིག་ཆོས་འདུལ་འདི་ཉིད་ལ།། བག་དང་ལྡན་པར་སྤྱོད་བྱེད་པ།། སྐྱེ་བའི་འཁོར་བ་རབ་སྤངས་ནས།། སྡུག་བསྔལ
223b5 ཐ་མར་བྱེད་པར་འགྱུར། ། བག་ཡོད་པའི་ཆོམས་ཏེ་བཞི་པའོ།། སྡུག་པ་རྣམས་ལས་མྱ་ངན་སྐྱེ།། སྡུག་པ་རྣམས་ལས་འཇིགས་པ་སྐྱེ།། སྡུག་པ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། སྡུ་གུ་མ་ལས་མྱ་ངན་སྐྱེ།
223b6 སྡུག་ལས་སྡུག་བསྔལ་སྡུག་པས་འཇིགས།། སྡུག་གུ་མ་དག་གཞན་གྱུར་ན།། ཡི་མུག་འགྱུར་བ་ཐོབ་པར་བྱེད།། འཇིག་རྟེན་སྡུག་བསྔལ་རྣམ་པ་དུ་མ་དང་།། མྱ་ངན་སྨྲེ་སྔགས་འདོན་པ་ཇི་སྙེད་པ།། དེ་དག་སྡུག་པ་དག
223b7 ལས་རྟེན་ཏེ་འབྱུང་། ། སྡུག་པ་སྤངས་ན་དེ་དག་ཡོད་མི་འགྱུར།། གང་ཕྱིར་འཇིག་རྟེན་དགའ་ནའང་སྡུག་མེད་པ།། གང་ཡིན་དེ་དག་བདེ་ཞིང་མྱ་ངན་མེད།། དེ་བས་གདུང་མེད་རྡུལ་བྲལ་དོན་གཉེར་བས།། ནམ་ཡང་སྡུག་པར་བྱེད་པ
223b8 མེབྱེའོ། ། སྡུག་པ་མ་མཐོང་སྡུག་བསྔལ་ལ།། མི་སྡུག་མཐོང་ནའང་དེ་བཞིན་པས།། ནམ་ཡང་སྡུག་དང་ཕྲད་མི་བྱ།། མི་སྡུག་དང་ཡང་ཕྲད་མི་བྱ།། སྡུག་པ་དང་ནི་བྱི་བྲལ་དང་།། མི་སྡུག་པ་དང་ཕྲད་པ་ཡིས།། གང་གིས་མི་དག་གས་བྱེ།
iiif viewer powered by OpenSeadragon
223a - 224a