| | e-texts navigator
|
222b1 ལ་བསྙེན་མིནྟ། ། ལག་པར་བལྟ་ལ་འདོད་མེད་དང་།། འཇིག་རྟེན་འཕེལ་བར་མི་བྱའོ།། འཇིག་རྟེན་པར་ཡི་ཡང་དག་སྟེ།། ཆེན་པོ་སུ་ལ་ཡོད་གྱུར་པ།། དེ་ནི་ཚེ་རབས་སྟོང་དུ་ཡང་།། ངན་འགྲོར་འགྲོ་བར་མི་འགྱུར་རོ།། བག་མེད་པ་ལ་སྦྱོར
222b2 བྱེད་པ། སྐྱེ་བོ་བྱིས་པ་བསམ་བརྙག་ཡིན།། ཚོད་དཔོན་ནོར་རྣམས་སྲུང་བལྟར།། མཁས་པ་བག་དང་ལྡན་པར་བྱ།། བག་མེད་པ་ལ་མི་སྦྱོར་ཞིང་།། འདོད་ལ་དགའ་བ་མི་སོགས་དང་། རྟག་ཏུ་བག་ཡོད་སེམས་བྱེད་པ།། ཟག་པ་ཟད་པཐོ
222b3 པར་འགྱུར། ། ཟག་པཟད་པ་མཐོབ་ཀྱང་།། དུས་འདི་བག་མེད་མི་བྱ་སྟེ།། རི་དགས་མ་ཡིན་སེ་གེ་ལྟར།། བག་མེད་པ་དག་བསད་པར་འགྱུར།། བག་མེད་པ་རོས་བུད་མེད་སྟེན་བྱེད་པའི།། མི་གང་ཡིད་ལ་གནས་སྐབས
222b4 འདི་བཞི་འབྱུང་། ། བསོད་ནམས་མི་འཐོབ་བདེ་བར་མི་ཉལ་དང་།། གསུམ་པ་སྨད་འགྱུར་བཞི་པ་དམྱལ་བར་འགྱུར།། བསོད་ནམས་མཐོ་བ་སྡིག་པའི་འགྲོ་བ་དང་།། འཇིགས་དང་བག་ཚ་ལྷན་ཅིག་བདེ་བ་ཆུང་། རྒྱལ་པོའི
222b5 ཆད་པ་ཆེན་པོས་གཅོད་འགྱུར་ཞིང་། ། ལུས་ཞིག་སེམས་ཅན་དམྱལ་བ་རྣམས་སུ་འཚེད།། གང་ཞིག་བདག་བདེ་ལྟ་འདོད་པ།། དེས་ནི་གོང་མི་བཞིན་དུ་བྱས།། བྱིས་པའི་ཤིང་རྟ་བཞིན་འགྱུར་བས།། བརྟན་པས་བརྩོན་འགྲུས
222b6 ཞན་མི་བྱ། ། དཔེར་ན་བྱིས་པའི་ཤིང་རྟ་དང་།། ལམ་ཆེན་བཟང་པོ་བོར་ནས་སུ།། ལམ་ངན་བདག་དུ་འགྲོ་བྱེད་པས།། མིག་ཆག་སེམས་ཁོངས་ཆུད་པ་ལྟར།། དེ་བཞིན་ཆོས་ནི་སྤངས་ནས་ཀྱང་།། ཆོས་མིན་རྗེས་སུ་འཇུག་བྱེད
222b7 པའི། ། བྱིས་པ་འཆི་བདག་དབང་འགྲོ་ཞིང་།། མིག་ཆག་བཞིན་དུ་བཅོམ་པ་འཐོབ།། གང་ཞིག་བྱ་བ་རྣམས་སྤངས་ནས།། མི་བྱ་བ་དག་བྱེད་པ་དང་།། བག་མེད་པ་ཡིས་རློམ་བྱེད་པ།། དེ་དག་རྣམས་ཀྱི་ཟག་པ་འཕེལ།། གང་གིས
222b8 ཟག་པ་འཕེལ་འགྱུར་བ། ། དེ་ཡི་ཟག་མེད་རྒྱ་དམན།། གང་ཞིག་ལུས་གཏོགས་དྲན་པ་དག། རྟག་ཏུ་ལེགས་པར་བརྩམས་པ་དང་།། བྱ་བ་མ་ཡིན་མི་བྱེད་ཅིང་།། རྒྱུན་དུ་བྱ་བ་བྱེད་པ་དང་།། ངན་དང་ཤེས་བཞིན་ལྡན་པ་དེའི། ཟག་པ་རྣམས།
iiif viewer powered by OpenSeadragon
222a - 223a