| | e-texts navigator
|
222a1 རྔུབས་བབས་བྱེད་པ། ། གདུང་བར་བྱེད་པམ་བསྔལ་ན།། སྡུག་བསྔལ་འདི་ནི་ཡང་དང་ཡང་།། དམ་པ་ཀུན་དུ་ལྡོག་ས་འགྱུར།། དབར་ན་ལྡན་ཤིང་ཅ་ནས་མ་གཏན་ན།། བཅད་ཀྱང་བྱང་དང་། བཁོ་ནང་ཟད།།
222a2 བཞིན་མེད་པའི་ཕྲ་རྒྱས་མ་གཏོན་ན།། ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག། དཔེར་ན་བདག་ཉིད་ཀྱིས་ནི་བྱས་པའི་མཚོན།། དེ་ཡིས་རྐུན་པོའི་མཐའ་ཡིས་བདག་གསོད་ལྟར།། དེ་བཞིན་ནང་གི་སེམས་ལས་བྱུང
222a3 ཡི། སྲེད་པས་ལུས་ཅན་ཉེ་བར་གསོད་པར་བྱེད།། དེ་ལྟར་སྣོད་ལས་སྡུག་བསྔལ་དག། འབྱུང་བའི་ཉེས་དམིགས་ཤེས་ཀྱིས་ཏེ།། སྲེད་སློང་ས་ཉེ་བར་ལེན་མེད་དང་།། དྲན་ལྡན་དགེ་སློང་ཀྱད་ཏུ་ཟླས།། སྲེད་པའི་ཆོམས་ཏེ་གསུམ་པའོ།།
222a4 བག་ཡོད་འཆི་མེད་གནས་ཡིན་ཏེ།། བག་མེད་པ་ནི་འཆི་བའི་གནས།། བག་ཡོད་འཆི་བར་མི་འགྱུར་ཏེ།། བག་མེད་པ་ནི་རྟག་ཏུ་འཆི།། དེ་ཡི་ཁྱད་པར་དེ་རིག་པས།། མཁས་པ་རྣམས་ནི་བག་དང་བཅས།། བག་ཡོད་པ་ལ་རབ
222a5 དཀའ་བ། ། འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན།། དེ་ལ་རྒྱུན་ཏུ་བསྒོམས་པ་དང་།། རྟག་ཏུ་ཕ་རོལ་གནོན་བརྟན་པའི།། བརྟན་པས་གྲུབ་པ་བླ་མེད་པ།། མྱ་དྲན་འདས་ལ་རེག་པ་ཡིན།། གང་ཚ་མཁས་པས་བག་ཡོད་པས།
222a6 བག་མེད་བཅོམ་པ་དེ་ཡི་ཚེ།། ཤེས་རབའང་བཟངས་སྙེད་འཇོས་ནས།། མྱ་ངན་མེད་པས་གདུང་བཅས་དང་།། བརྟན་རྣམས་རི་བོའི་སྤོ་དང་ལས།། ས་སྟེངས་བྱིས་པ་རྣམས་ལ་བལྟ།། བརྩོན་འགྲུས་དང་ནི་བག་ཡོད་དང་།། ཡང
222a7 དག་སྡོམ་དང་དྲལ་བ་ཡིས། ། མཁས་པས་གླིང་དུ་བྱས་ནས་ནི།། ཆུ་བོ་ཆེན་པོ་མངོན་དུ་ཟློག། བརྩོན་འགྲུས་ལྡན་ཞིང་དྲན་དང་ལྡན་པ་དང་།། སྤྱོད་པ་གཙང་ཞིང་བརྟགས་ནས་བྱེད་པ་དང་། ཡང་དག་སྡོམ་དང་ཆོས་ཀྱིས་འཚོ་བ་དང་།། བཀ
222a8 ཡོད་རྣམས་ཀྱི་གྲགས་པ་མངོན་པར་འཕེལ། ། ལྷག་པའི་སེམས་ལ་བག་བྱ་སྟེ།། ཐུབ་པའི་ཐུབ་བཞི་རྣམས་ལ་བསླབ།། ཉེར་བཞི་རྟག་ཏུ་དྲན་ལྡན་པའི།། སྐྱོབ་པ་མྱ་ངན་མེད་པ་ཡིན།། དམན་པའི་ཆོས་ལ་མི་རྟེན་ཅིང་།། བག་མེད་པ
iiif viewer powered by OpenSeadragon
221b - 222b