e-texts navigator
Collection
Volume
Page
Wylie

220a1 འཇིག་ཅིང་། ། སྣོད་གི་ཚོགས་ཀྱང་འཇིག་པར་འགྱུར།། ཀྱེ་མ་ལུས་འདི་མི་ཐོགས་པར།། སྟོང་ཞིང་རྣམ་ཤེས་དང་བྲལ་ནས།། དུར་ཁྲོད་བོར་བའི་མགལ་དུམ་ལྟར།། ས་ཡི་སྟེང་དུ་འགྱེལ་བར་འགྱུར།། རྒྱུན་དུ་ནད
220a2 ཀྱིས་མངོན་གདུང་ཞིང་། ། རྟག་དུ་མི་གཙང་འཛག་པ་དང་།། རྒ་དང་འཆི་བས་འཚེར་འགྲིབ་པའི།། ལུས་འདི་དོར་བཅིང་མི་རུང་།། མྱུར་དུ་འཇིག་ཅིང་ན་བ་དང་།། རྣག་དང་ལྡན་པའི་ལུས་འདི་ཡིས།། གྲུབ་དང་བདེ་བ་བླ་མེད་པ།། ཞི
220a3 མཆོག་དོན་དུ་གཉེར་བར་གྱིས། ། དགུན་ཀ་དང་ནི་དཔྱིད་ཀ་དང་།། དབྱར་ཀ་འདི་དག་བྱའོ་ཞེས།། བྱིས་པ་རྣམ་པར་སེམས་བྱེད་པས།། བར་ཆད་མཐོང་བར་མ་གྱུར་ཏོ།། བུ་དང་ནོར་ཕྱུགས་འབྱོར་པ་ལ།། མི་ཡི་ཡིད་ནི་རྣམ་ཆགས
220a4 པ། ། འཆི་བདག་གིས་ནི་བླངས་ནས་འགྲོ།། ཉལ་གྲོང་ཆུ་བོས་འདས་པ་བཞིན།། འཆི་བའི་དུས་ལ་བབ་པ་ན།། བུ་རྣམས་སྐྱབས་སུ་མི་འགྱུར་ཞིང་།། ཕ་ཡང་མ་ཡིན་གཉེན་འདུན་མིན།། ཁྱོད་ལ་སྐྱབས་སུ་འགྱུར་བ་མེད།། འདི
220a5 ནི་བྱ་བ་བྱས་ཟིན་དོན་འདི་བྱ། ། དེ་དག་བྱས་ནས་བདག་གིས་འདི་བྱས་ཞེས།། དེ་ལྟར་མི་ནི་ཡོངས་སུ་ཤོམ་པ་ན།། རྒ་དང་ནད་བཅས་འཆི་བས་མངོན་དུ་བཅོམ།། དེ་ལྟས་རྟག་ཏུ་ཏིང་འཛིན་ལ་དགའ་མཉམ་པར་ཞོག། བརྩོན
220a6 བསྐྱེད་ལ་སྐྱེ་དང་རྒ་བའི་མཐའ་མ་ལྟོས། ། བདུད་རྣམས་སྡེ་དང་བཅས་པ་མངོན་པར་ཟིལ་ནོན་ལ།། དགེ་སློང་དག་གི་སྐྱེ་ཤིའི་ཕ་རོལ་འགྲོ་བར་གྱིས།། མི་རྟག་པའི་ཆོམས་ཏེ་དང་པོའོ།། ཀུན་ཏོག་ལས་ནི་འདོད་སྐྱེས་པས།།
220a7 འདོད་པའི་རྩ་བར་ཤེས་ཀྱིས་ཏེ།། ཁྱོད་ནི་ཀུན་རྟོག་མ་བྱེད་དང་།། དེས་ན་ཁྱོད་ལ་འབྱུང་མི་འགྱུར།། འདོད་པ་རྣམས་ལས་མྱ་ངན་སྐྱེས།། འདོད་པ་རྣམས་ལས་འཇིགས་པ་འབྱུང་།། འདོད་པ་དག་ནི་རྣམས་སྤངས་ན།། མྱ་ངན་མེད
220a8 ཅིང་འཇིགས་པ་མེད། ། དགའ་བ་རྣམས་ལས་མྱ་ངན་སྐྱེས།། དགའ་བ་རྣམས་ལས་འཇིགས་པ་འབྱུང་།། དགའ་བ་དག་ནི་རྣམ་སྤངས་ན།། མྱ་ངན་མེད་ཅིང་འཇིགས་པ་མེད།། འདོད་དགའི་རྣམ་སྨིན་སྡུག་བསྔལ་ཏེ།། དང་པོ་མདར།




iiif viewer powered by OpenSeadragon

219b - 220b

Texts on this page

Q992 - ched du brjod pa'i tshoms