| | e-texts navigator
|
219a1 རྟག་ཏུ་འཆིབས་འཇིགས་པར་འགྱུར།། དཔེར་ན་རྫ་མའི་མཁན་པོ་ཡིས།། འཇིམ་པ་ལས་ནི་སྣོད་བྱས་པ།། ཐམས་ཅད་ཐ་མར་འཇིག་པ་ལྟར།། མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། དཔེར་ན་ཐགས་ནི་བརྐྱང་ངལ།། སྨན་ནི
219a2 གང་དང་གང་བཅུག་པའི། ། སྤུན་གྱིས་རྟིང་ལ་གཏུགས་པ་ལྟར།། མི་རྣམས་སྲོག་ཀྱང་དེ་བཞིན་ནོ།། དཔེར་ན་ངེས་པར་བསད་པ་དག། གོམ་པ་གང་དང་གང་བོར་བས།། གསང་སའི་དྲུང་དུ་བསྙེན་པ་ལྟར།། མི་རྣམས་སྲེག་ཀྱང་དེ
219a3 བཞིན་ནོ། ། ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན།། ལྡོག་པ་མེད་པ་ཇི་ལྟ་བར།། དེ་བཞིན་མི་ཡི་ཚེ་འགྲོ་བ།། སླར་ནི་ལྡོག་པར་འགྱུར་བ་མེད།། དཀའ་བ་ཉིད་དང་ཐུང་བ་དང་།། དེ་ཡང་སྡུག་བསྔལ་ལྡན་པ་དང་།། མྱུར་བ་ཁོ་ནར་འཇིག་འགྱུར་ཏེ།།
219a4 ཚུལ་ལ་དབྱུག་གུས་བྲིས་པ་བཞིན།། དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས།། ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར།། དེ་བཞིན་ནད་དང་རྒ་བ་ཡིས།། མི་རྣམས་འཆི་བ་དག་དྲུང་དུ་སྐྱེལ།། ཆུ་བྲན་གྱི་ནི་ཆུ་ལྟ་བུར།། ཉིན་དང་མཚན་མོ
219a5 འདས་པ་ཡིས། ། མི་རྣམས་ཚེ་ཡང་ཟད་འགྱུར་ཞིང་།། སྲོག་ཀྱང་ཉེ་བར་འཇིག་པར་འགྱུར།། མེལ་ཙེ་བྱེད་ལ་མཚན་མོ་རིང་།། ལམ་གྱིས་དུབ་ལ་རྒྱང་གྲགས་རིང་།། དམ་ཆོས་རྣམ་པར་མི་ཤེས་པའི།། བྱིས་པ་རྣམས་ལ་འཁོར་བ
219a6 རིང་། ། བདག་ལ་བུ་ཡོད་དེ་བཞིན་དུ།། ནོར་ཡོད་ཅེས་པས་བྱིས་པ་བརླག། ཕྱི་རོལ་ནང་ན་བདག་མེད་ན།། སུ་ཡི་བུ་ཡིན་ཅི་ཞིག་ནོར།། སྐྱེས་པ་བུད་མེད་རྣམས་ཀྱི་རིགས།། བརྒྱ་དང་སྟོང་ཕྲག་མང་པོ་དང་།། ལོངས་སྤྱོད་ཁེགས
219a7 པར་བསྒྲུབས་པ་ཡང་། ། འཆི་བདག་དབང་དུ་འགྲོ་བར་འགྱུར།། བསགས་པ་ཀུན་གྱི་མཐའ་ཟད་ཅིང་།། བསླར་བའི་མཐའ་ནི་འགྱེལ་བར་འགྱུར།། ཕྲད་པའི་མཐའ་ནི་བྲལ་བ་སྟེ།། གསོན་པའི་མཐའ་ནི་འཆི་བ་ཡིན།།
219a8 གསོན་མཐའ་འཆི་བ་ཡིན་པས་ན།། སེམས་ཅན་ཐམས་ཅད་འཆི་འགྱུར་ཞིང་།། དགེ་སྡིག་འབྲས་བུར་ཉེ་འགྲོ་བའི།། ཇི་བཞིན་ལས་ཀྱི་རྗེས་སུ་འབྲང་།། སྡིག་པའི་ལས་ཀྱིས་དམྱལ་བ་དང་།། བསོད་ནམས་བྱས་པས
iiif viewer powered by OpenSeadragon
218b - 219b